བེལ་ཇི་ཡམ་གྱི་གྲོས་ཚོགས་འཐུས་མི་ཀོ་གོ་ལ་ཊི་མཆོག་ནས་བོད་དོན་རྒྱབ་སྐྱོར་གནང་རྒྱུ།

2021.10.02
བེལ་ཇི་ཡམ་གྱི་གྲོས་ཚོགས་འཐུས་མི་ཀོ་གོ་ལ་ཊི་མཆོག་ནས་བོད་དོན་རྒྱབ་སྐྱོར་གནང་རྒྱུ། Dr. Michael van Walt Pragg མཆོག་གིས་བེལ་ཇི་ཡམ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་SamuelCogolati ལྷན་དང་མཇལ་འཕྲད་གནང་བ།
བོད་མིའི་སྒྲིག་འཛུགས།

དེ་ཡང་ཕྱི་ཟླ་༡༠ཚེས་༡ཉིན་Brussels བོད་ཀྱི་སྐུ་ཚབ་དོན་གཅོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ རྒྱལ་སྤྱིའི་ཁྲིམས་ཀྱི་སློབ་དཔོན་དང་བོད་དོན་ལ་མཁས་པ་སྐུ་ཞབས་Dr. Michael van Walt Pragg མཆོག་གིས་བེལ་ཇི་ཡམ་གྱི་རྒྱལ་ས་Brussels རུ་ཡུ་རོབ་མཉམ་སྦྲེལ་གྱི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མི་སྣ་་མཇལ་འཕྲད་ཀྱིས་བོད་དོན་དངོས་ཡོད་གནས་ཚུལ་དང་གནས་སྟངས་སྐོར་ཞིབ་ལྷན་ངོ་སྤྲོད་ཞུས་ཡོད་པ་རེད། དེ་འདྲའི་མཇལ་འཕྲད་ཀྱི་རྒྱུད་རིམ་ཁྲོད་Dr. Michael can Walt ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་རྣམས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་ཁོངས་གཏོགས་སུ་བཅུག་པ་ནི་གཞི་རྩའི་ཆ་ནས་ནོར་འཁྲུལ་ཡིན་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་དང་འགལ་གྱི་ཡོད་སྐོར་དང་། ལྷག་པར་དུ་རྒྱལ་ཁབ་ཁག་ཅིག་གི་གཞུང་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་བོད་འདི་རྒྱ་ནག་གི་ཤ་ཆས་ཡིན་ལུགས་བརྗོད་བཞིན་ཡོད་པ་དེ་ ལོ་རྒྱུས་ཀྱི་ཐད་ནས་དངོས་འབྲེལ་མ་ཡིན་ལ། རྒྱལ་སྤྱིའི་ཁྲིམས་དང་ཡང་འགལ་ཟླ་འགྲོ་གི་ཡོད་པ་སོགས་གསལ་བཏོན་གནང་ཞིང་། ཁྲིམས་ཐོག་ནས་རྒྱ་བོད་གཉིས་ཀྱི་གནད་དོན་ལ་ལྟ་སྟངས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཇི་ལྟར་རྒྱ་བོད་གཉིས་ཀྱི་གནད་དོན་སེལ་ཐབས་གནང་དགོས་པ་མ་ཟད་འགན་འཁྲི་ཡང་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད་པ་རེད།

སློབ་དཔོན་Michael van Walt ལགས་ཀྱིས་བེལ་ཇམ་ཁུལ་གི་ཉིན་མཐའ་མར་རྒྱལ་ས་Brussels རུ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་SamuelCogolati ལྷན་དང་མཇལ་འཕྲད་གནང་འདུག་ཅིང་། མཇལ་འཕྲད་དེའི་སྐབས་གྲོས་ཚོགས་འཐུས་མི་སྐུ་ཞབས་Cogolati མཆོག་གིས་སློབ་དཔོན་Michael van Walt ལགས་ནས་བེལ་ཇི་ཡམ་ཁུལ་དུ་བོད་མིའི་སྐུ་ཚབ་དོན་གཅོད་ཁང་དང་ བེལ་ཇི་ཡམ་གྱི་རྒྱལ་ས་སྦར་སིལས་ཁུལ་དུ་ཆེད་ཕེབས་ཀྱིས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཀྱི་བོད་ཀྱི་གནད་དོན་ལ་གོ་རྟོགས་གཏིང་ཟབ་ཀྱི་ངོ་སྤྲོད་གནང་པར་ཐུགས་རྗེ་ལེགས་གསོ་དང་ཁོང་ཉིད་ནས་བོད་དོན་སླད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་དུག Dr. Michael van Walt Pragg ལགས་ནས་རྒྱལ་ས་Brussels ཁུལ་གྱི་འཚམས་གཟིགས་ལེགས་གྲུབ་བྱུང་རྗེས་ཡུ་རོབ་ཀྱི་རྒྱབ་ཁབ་ Netherland གྱི་Hagueགྲོང་ཁྱེར་དུ་ཕེབས་ཐོན་གནང་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎