རང་བསྲེགས་རྗེས་བོད་མི་མང་སྤྱི་འཐུས་ནས་བསྒྲགས་གཏམ།

མདོ་སྨད་བླ་བྲང་དུ་བོད་མི་རྡོ་རྗེ་རིན་ཆེན་ལགས་ཀྱིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་ཕེབས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བསྒྲགས་གཏམ་སྤེལ་འདུག

2012.10.24

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤེལ་གནང་བའི་གསར་འགོད་བསྒྲགས་གཏམ་དེའི་ནང་ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཕྱི་ཟླ་བཅུ་པའི་ཚས་༢༣ཉིན་གྱི་བོད་ནང་གི་ཉིང་དགུང་ཚོུད་གསུམ་དང་ཕྱེད་ཀའི་ཐོག  སྐྱེས་ཡུལ་ཟ་ཡུས་ནང་སྡེ་བ་གོང་མ་ནས་ནས་ཡིན་པའི་ད་ལོ་གུངས་གྲངས་༥༨ལ་ཕེབས་ཀྱི་ཡོད་པ་རྡོ་རྗེ་རིན་ཆེན་ལགས་ཀྱིས་བསང་ཆུ་རྫོང་གི་དྲག་ཆས་ཉེན་རྟོག་ཁང་གི་སྒོ་འགྲམ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་གི་གདུག་རྩུབ་སྲིད་བྱུ་ལ་ངོ་རྒོལ་གནང་ཏེ་འདས་གྲོངས་སུ་ཕེབས་ཡོད་པའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་དང་འབྲེལ།  རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་། སྐད་ཡིག་གོམས་གཤིས་དང་། ས་ཆུ་བདག་གཅེས་སོགས་ཁོར་ཡུག་དང་བཅས་ལ་མངོན་ལྐོག་བརྒྱུད་གསུམ་ནས་གཏོར་བཤིག་དང་། མི་འབོར་སྤོ་ཤུགས་ཀྱི་བཙན་རྒོལ་སོགས་བོད་ཡུལ་རྒྱ་ཡུལ་ཅན་དུ་འགྱུར་འཆར་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་བ་དང་། བོད་མི་རིགས་ཀྱི་རྒྱུན་ལྡན་སེམས་ཁམས་ལ་གནོད་པའི་སློབ་གསོའི་རྣམས་གྲངས་བཙན་ཤེད་ཀྱིས་ལག་བསྟར་བྱས་པས་བོད་ས་ཁྱོན་ཡོངས་སུ་ཐབས་ཟད་འུ་ཐུག་གིས་རྩ་ཆེའི་ལུས་སྲོག་མེར་བསྲེགས་བཏང་སྟེ་ཆེས་ཚད་མཐོ་བའི་འཚེ་མེད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རིམ་བསྟུད་དུ་སྤེལ་བར་རྒྱ་ནག་གཞུང་གིས་སྣང་ཆུང་ཁྱད་གསོད་ཀྱིས་དེ་དག་གི་རྒྱུ་རྐྱེན་དང་ངོ་བོ་བྱེད་ལས་བཅས་ལ་སྒྲོ་བསྐུར་འཁྱོག་བཤད་སྣ་ཚོགས་བྱས་ཏེ་ཡ་ལན་ཁྱོན་ནས་མི་བྱེད་པའི་ཁར་ ད་དུང་ཁྲིམས་མེད་ལུགས་མེད་ཀྱི་འཇིགས་སྐུལ་དྲག་ཤུགས་ཀྱིས་གཉའ་གནོན་བྱས་དང་བྱེད་བཞིན་པ་ནི་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན་པར་མ་ཟད་།  བོད་ཕྱི་ནང་གི་ཤ་ཁྲག་གཅིག་པའི་སྤུན་ཟླ་མི་རིགས་ཚང་མའི་སྙིང་ལ་གྲི་བཙུགས་པ་བཞིན་བརྗེད་དཀའ་བའི་ན་ཟུག་བཏང་སྟེ་ ཞེ་འཁོན་སློང་བཞིན་ཡོད་། གནས་སྟངས་འདིའི་མདུན་རྒྱབ་ལ་རྒྱ་ནག་གཞུང་གིས་དངོས་ཐོག་བདེན་འཚོལ་གྱིས་བསམ་ཞིབ་མ་བྱས་ན་ད་དུང་ཛ་དྲག་གི་གནས་བབ་འདི་ལས་ཇེ་སྡུག་འགྱུར་ངེས་པར་ འབྱུང་འགྱུར་གྱི་འགན་ཡོངས་རྫོགས་རྒྱ་ནག་གཞུང་གིས་འཁྱེར་དགོས།  རྒྱ་ནག་གཞུང་གིས་གཡོ་རྫུན་གྱི་འཁྱོག་བཤད་དེ་དག་ཇི་སྐད་བཤད་པ་ལྟར་གནས་ཚུལ་བདེན་པ་ཡིན་ན་ རྒྱལ་སྤྱིའི་ངོ་བོ་ཅན་གྱི་སྒྲིག་འཛུགས་ཁག་གི་སྐུ་ཚབ་དང་། རྒྱལ་ཁབ་ཁག་གི་རྟོག་ཞིབ་པ་དང་། གསར་འགོད་པ་བཀག་སྡོམ་མེད་པར་ཤར་གཏོང་གིས་ཞིབ་འཇུག་བྱེད་དུ་འཇུག་པ་དང་ ཕྱོགས་ལྷུང་གི་སྲིད་བྱུས་བཅོས་བསྒྱུར་ཡོ་བསྲང་གིས་ཐབས་སྡུག་གི་གནས་ཚུལ་དེའི་རིགས་མི་ཡོང་རྒྱུར་འགན་ལེན་དགོས་ཞེས་ནན་བརྗོད་གནང་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎