འབྲས་བློ་གླིང་དགེ་འདུན་པས་ཨ་རིའི་ནང་བསྐོར་བསྐྱོད།

ཨ་རིའི་ནང་སྐོར་བསྐྱོད་གནང་བཞིན་པའི་བློ་གསལ་གླིང་གི་དགེ་འདུན་པ་ཚོས་ནང་ཆོས་ཀྱི་ཆོ་ག་ཕྱག་ལེན་དང་འདོན་རྟ་དབྱངས་ངོ་སྤྲོད།

2012.06.07

༄༅༎ཨ་རིའི་ནང་སྐོར་བསྐྱོད་གནང་བཞིན་པའི་འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པ་ཚོས་ ཚེས་༩ཉིན་ཨ་རིའི་ཀེ་ལི་ཕོར་ནི་ཡ་མངའ་སྡེའི་མོན་ཀྲེ་རེ་ས་ཁུལ་གྱི་སཱན་སེཏ་ཞེས་པའི་ཚོགས་ཁང་ནང་ ནང་ཆོས་ཀྱི་ཆོ་ག་ཕྱག་ལེན་དང་འདོན་རྟ་དབྱངས་ངོ་སྤྲོད་གཟིགས་འབུལ་གནང་རྒྱུ་ཡིན་འདུག་༎

འབྲས་སྤུངས་བློ་གསལ་གླིང་་གི་དགེ་འདུན་པ་ཚོས་་རྒྱུན་རིང་ནས་བཟུང་ ཨ་རིའི་ནང་ལོ་ལྟར་སྐོར་བསྐྱོད་གནང་སྟེ་ ཆོ་ག་ཕྱག་ལེན་དང་འདོན་རྟ་དབྱངས་ལ་སོགས་པ་ བོད་ལུགས་ནང་ཆོས་ཀྱི་རིག་གཞུང་ངོ་སྤྲོད་དང་འབྲེལ་བོད་ཀྱི་གནད་དོན་ལ་དྲིལ་བསྒྲགས་ཁྱབ་སྤེལ་གནང་གི་ཡོད་འདུག་ལ་ འབྲས་སྤུངས་བློ་གསལ་་གླིང་གི་དགེ་འདུན་པ་དགུ་ དེང་སྐབས་ཨ་རིའི་ནང་སྐོར་བསྐྱོད་གནང་མུས་ཡིན་འདུག་ རེས་གཟའ་སྤེན་པའི་ཉིན་ ཁོང་རྣམས་ནས་ཨ་རིའི་ཀེ་ལི་ཕོར་ནི་ཡ་མངའ་སྡེའི་མོན་ཀྲེ་རེ་ས་གནས་ཀྱི་ཚོགས་ཁང་ནང་ ཕྱི་དྲོ་ཚོུད་༥ནས་༧བར་ འདོན་རྟ་དབྱངས་དང་ཆོ་ག་ཕྱག་ལེན་ངོ་སྤྲོད་ཞུ་རྒྱུ་ཡིན་འདུག་ལ་ བློ་གསལ་གླིང་གི་སྐོར་བསྐྱོད་ལས་འཆར་འགན་འཛིན་ ཚེ་དཔག་རིག་འཛིན་ལགས་ཀྱིས་ ཁོང་རྣམ་པའི་སྐོར་བསྐྱོད་ཀྱི་ལས་དོན་དེས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་བྱ་རྒྱུར་ཕན་རླབས་ཡོད་པ་མ་ཟད་ ད་ལྟའི་བོད་ནང་གི་གནས་སྟངས་ལ་གོ་རྟོགས་ཁྱབ་སྤེལ་ཐུབ་པ་དང་ ཆབས་ཅིག་འཛམ་གླིང་ཐོག་ཞི་བདེ་དང་འཆམ་མཐུན་གྱི་གལ་གནད་སྐོར་ནན་བརྗོད་ཞུ་རྒྱུའི་དམིགས་ཡུལ་གཙོ་དོན་གནང་གི་ཡོད་པར་འགྲེལ་བརྗོད་གནང་འདུག་

མོན་ཀྲེ་རེ་ས་གནས་ཀྱི་བདུན་རེའི་གསར་ཤོག་ཐོག་གནས་ཚུལ་གསལ་བར་གཞིགས་ན་ བློ་གསལ་གླིང་གི་དགེ་འདུན་པ་རྣམས་ནས་ དེ་སྔ་སྦིསི་ཀྲི་སྦོཨིསི་ཞེས་པའི་ཨ་རིའི་ནང་སྙན་གྲགས་ཆེ་བའི་རོལ་དབྱངས་ཚོགས་པའི་འཁྲབ་སྟོན་ནང་མཉམ་ཞུགས་གནང་ཡོད་པ་རེད་ རོལ་དབྱངས་ཚོགས་པའི་དེའི་གཞས་པ་གྲགས་ཆེན་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨེ་ཌམ་ཡོཀ་ཉེ་སྔོན་འདས་གྲོངས་སུ་གྱུར་བའི་རྗེས་ བློ་གསལ་གླིང་དགེ་འདུན་པ་རྣམས་ནས་ད་རེས་ཨ་རི་ཁུལ་དུ་སྐོར་བསྐྱོད་གནང་བའི་མཛད་རིམ་སྐབས་ སྐུ་ཞབས་ཨེ་ཌམ་ཡོཀ་དམ་པ་འདི་ཉིད་ལ་རྗེས་དྲན་གྱི་འདོན་རྟ་དབྱངས་ཞུ་ཡི་ཡོད་པའི་སྐོར་གསལ་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎