ནི་དར་ལེནྚ་གྲོས་ཚོགས་ཀྱིས་བོད་དོན་དང་འབྲེལ་བའི་གྲོས་ཆོད་གསུམ་མང་མོས་ཐོག་གཏན་འབེབས་གནང་འདུག

2025.04.15
ནི་དར་ལེནྚ་གྲོས་ཚོགས་ཀྱིས་བོད་དོན་དང་འབྲེལ་བའི་གྲོས་ཆོད་གསུམ་མང་མོས་ཐོག་གཏན་འབེབས་གནང་འདུག ནི་དར་ལེནྚ་གྲོས་ཚོགས།
Reuters

ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༡༥ ཉིན་ཡུ་རོབ་ནི་དར་ལེནྚ་གྲོས་ཚོགས་ཀྱིས་ཡུ་རོབ་མཐུན་ཚོགས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཡོང་ཐབས་དང་འབྲེལ་བོད་དོན་དང་འབྲེལ་བའི་གྲོས་ཆོད་གསུམ་མང་མོས་ཐོག་གཏན་འབེབས་གནང་འདུག

དེ་ཡང་ཡུ་རོབ་ནེ་དར་ལེནྚ་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་གྲོས་གཞི་ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་དང་། ཨ་རིའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་རྗེས་མཐུན་ཁྲིམས་ཡིག་གཏན་འབེབས་ཡོང་ཐབས་དང་། རྒྱ་ནག་གཞུང་གིས་༸གོང་ས་༸ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་པར་དགག་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་ཐབས། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་གླེང་སློང་བྱ་རྒྱུ་བཅས་ཀྱི་ཐོག གྲོས་ཚོགས་སུ་གླེང་སློང་གིས་མང་མོས་ཐོག་གཏན་འབེབས་གནང་འདུག

དེ་སྔ་ཕྱི་ལོ་ ༢༠༢༤ ལོར་ཨ་རི་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གཏན་འབེབས་བརྒྱུད་བོད་དོན་ལ་ངོས་འཛིན་དང་རྒྱབ་སྐྱོར་རྒྱབ་སྣོན་གནང་ཡོད་ཅིང་། དེ་འབྲེལ་བོད་མིའི་སྒྲིག་འཛུགས་གཙོས་པའི་ཚོགས་སྡེ་ཁག་ཅིག་ནས་ཡུ་རོབ་མཐུན་ཚོགས་མཚོན་པའི་ཡུ་རོབ་ནང་བོད་དོན་ལ་རྒྱབ་སྐྱོར་གྱི་གྲོས་ཆོད་ཁྲིམས་འཆར་གཏན་འབེབས་ཡོང་བར་འབོད་སྐུལ་ཞུ་གཏུག་རིམ་གནང་དང་གནང་མུས་ཡིན་པ་རེད། །

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎