བལ་ཡུལ་གྱི་རྩ་ཁྲིམས་དུས་བཀག་ནང་ཚུད་ཡོང་བའི་རེ་བ།

འདི་ལོ་ཕྱི་ཟླ་༥པའི་ཚེས་༢༨ཀྱི་དུས་བཀག་ཉིན་བལ་ཡུལ་གྱི་རྩ་ཁྲིམས་གསར་པ་གཏན་འབེབས་གནང་ཐུབ་མིན་སྐོར།

2011.03.27

༄༅༎འདི་ལོ་ཕྱི་ཟླ་༥པའི་ཚེས་༢༨ཀྱི་དུས་བཀག་ཉིན་རྩ་ཁྲིམས་གསར་པ་གཏན་འབེབས་གནང་ཐུབ་མིན་ནི།    དབུས་གཞུང་བསྐྱར་སྒྲིག་དང་། མའོའི་དྲག་འཐབ་པ་རྣམས་ཟླ་བསྒྲིལ་གནང་ཕྱོགས་ལ་རག་ལུས་པ་ཡིན་ལུགས་དམར་ཤོག་མའོ་ཚོགས་པའི་ཚོགས་གཙོ་པུཤི་པ་ཀ་མལ་རྡ་ཧལ་གྱིས་གསུངས་གནང་འདུག

དབུས་གཞུང་བསྐྱར་སྒྲིག་དང་།  མའོའི་དྲག་འཐབ་པ་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་གནང་ཕྱོགས་ཐད་ལས་དོན་གྲུབ་འབྲས་གང་ལེགས་བྱུང་ཡོད་ལུགས་འགྲེལ་བརྗོད་གནང་བ་དང་སྦྲགས། སྲིད་དོན་ཚོགས་པ་ཚང་མས་སྤྱི་མོས་འབྱུང་ཐབས་བྱ་གལ་ཆེ་བའི་སྐོར་མའོའི་ཚོགས་པའི་ཚོགས་གཙོས་མུ་མཐུད་འགྲེལ་བརྗོད་གནང་འདུག ཁོང་ནི་གོང་ཞུས་གནད་དོན་གཉིས་གཙོ་འགྱུར་གྱི་དཀའ་རྙོག་རྣམས་སེལ་ཐབས་སུ་ཚོགས་ཆུང་ཟུར་འཛུགས་གནང་བའི་ཚོགས་གཙོ་ཡིན་པ་རེད། ཕྱོགས་མཚུངས་བལ་ཡུལ་གྱི་སྲིད་འཛིན་རམ་སྦ་རན་ཡ་རྡལྦ་གྱིས་ལྷོ་ཕྱོགས་མ་རྡེ་སི་མི་རིགས་ཀྱི་ཚོགས་པའི་འགོ་ཁྲིད་ཨུ་པེན་རྡར་ཡ་རྡལྦ་དང་། མ་ཧེན་རྡར་ཡ་རྡལྦ་སོགས་ཐུགས་འཕྲད་གནང་སྟེ་བལ་ཡུལ་གྱི་ཞི་འགྲིག་ལས་དོན་དུས་ཐོག་མཇུག་བསྡོམས་གནང་ཕྱོགས་སྐོར་གྲོས་བསྡུར་གནང་འདུག ལྷག་པར་དུ་བལ་ཡུལ་གྱི་རྩ་ཁྲིམས་གསར་པ་གཏན་འབེབས་བྱ་རྒྱུ་དང་། དམར་ཤོག་མའོ་ཚོགས་པའི་དྲག་འཐབ་རྣམས་གཞུང་དམག་ཁོངས་སུ་ཟླ་བསྒྲིལ་གཏོང་ངམ་ཡང་ན་ཟུར་འཛུགས་ཀྱི་སྒྲིག་ཁོངས་སུ་བཅུག་གཉིས་ཀར་སྲིད་དོན་ཚོགས་པ་ནང་ཁུལ་གྲོས་འཆམ་ཡོང་གི་མེད་ཅིང་། འོན་ཀྱང་བལ་ཡུལ་ལྷོ་མའི་མི་རིགས་ཚོས་བལ་ཡུལ་ནང་ཞི་འགྲིག་འབྱུང་ཐབས་ཀྱི་ལས་དོན་ལ་འཕྱར་གྲུ་མཉམ་འདེགས་བྱ་འདུན་ཡོད་ལུགས་ལྷོ་ཕྱོགས་མི་རིགས་ཀྱི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཚོས་བལ་ཡུལ་སྲིད་འཛིན་ལ་ཁས་ལེན་གནང་འདུག དེ་བཞིན་བལ་ཡུལ་གྱི་སྲིད་འཛིན་གཞོན་པ་པར་མ་ནན་རྡ་ཇའ་ ཡིས་བལ་ཡུལ་གྱི་རྩ་ཁྲིམས་དུས་བཀག་ནང་ཚུད་ལེགས་འགྲུབ་ཡོང་བའི་རེ་བ་ཡོད་ལུགས་གསུངས་གནང་འདུག ཉེ་བའི་ཆར་སྲིད་དོན་ཚོགས་པ་ཚང་མས་རྩ་ཁྲིམས་དུས་བཀག་ནང་ཚུད་འགྲུབ་ཐབས་སུ་འབད་བརྩོན་ལྷོད་མེད་གནང་བཞིན་པའི་རྣམ་པ་དང་ཡར་རྒྱས་གང་ལེགས་མཐོང་རྒྱུ་ཡོད་ལུགས་གསར་འགོད་པར་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎