བོད་ནང་ས་ཡོམ་འགུལ་ཚད་༤་༥ལྷག་་བྱས་པ་ཞིག་རྒྱབ་འདུག

བོད་ནང་ས་ཡོམ་འགུལ་ཚད་བཞི་དང་ཕྱེད་ཀ་ལྷག་བྱས་པ་ཞིག་རྒྱབ་ཀྱང་མི་རྒྱུ་གཉིས་ལ་གོད་ཆགས་བྱུང་པའི་གནས་ཚུལ་གང་ཡང་མི་འདུག

2010.07.11

༄༅།།བོད་ནང་གཞིས་ཀ་རྩེའི་ཁུལ་ས་ཡོམ་འགུལ་ཚད་བཞི་དང་ཕྱེད་ཀ་ལྷག་བྱས་པ་ཞིག་རྒྱབ་འདུག མི་རྒྱུ་གཉིས་ལ་གོད་ཆགས་བྱུང་པའི་གནས་ཚུལ་གང་ཡང་མི་འདུག

ལྷ་ས་ནས་ཧྲིང་ལྦ་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ བོད་ལྷོ་ནུབ་གཞིས་ཀ་རྩེའི་ངམ་རིང་ཁུལ་རེས་གཟའ་སྤེན་པའི་ཕྱི་དྲོ་ཆུ་ཚོད་༦དང་སྐར་མ་༡༥འི་ཐོག་ས་ཡོམ་འགུལ་ཚད་༤དང་གྲངས་ཚུང་༦བྱས་པ་ཞིག་རྒྱབ་འདུག་ཀྱང་ཁང་པ་གས་སྐྱོན་ཕྲན་བུ་བྱུང་བ་ཙམ་ལས་མི་རྒྱུ་གཉིས་པ་གོད་ཆགས་བྱུང་ཡོད་པའི་གནས་ཚུལ་མི་འདུག རྒྱ་མཚོའི་ཁ་ནས་མི་ཊར་༤༣༠༠འི་སར་གནས་པའི་ངམ་རིང་གི་ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞིན་༢༨༠༠༠ཡོད་པ་དང་མི་འབིར་༤༠༠༠༠ཡོད་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎