མཚོ་བྱང་རྒྱ་མདོ་རྫོང་དུ་འགུལ་ཚད་རིམ་པ་དྲུག་ཚེག་དགུ་ཡོད་པའི་ས་འགུལ་རྒྱབ་འདུག

2022.01.07
མཚོ་བྱང་རྒྱ་མདོ་རྫོང་དུ་འགུལ་ཚད་རིམ་པ་དྲུག་ཚེག་དགུ་ཡོད་པའི་ས་འགུལ་རྒྱབ་འདུག མཚོ་བྱང་རྒྱ་མདོར་ས་འགུལ་ལྟེ་བ་རྒྱབ་ཡུལ་དང་ས་ཁྲ།
སྒྲིག་བཟོ།/RFA/google

མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་སེམས་ཉིད་རྒྱ་མདོ་རྫོང་དུ་འགུལ་ཚད་རིམ་པ་དྲུག་ཚེག་དགུ་ཡོད་པའི་ས་འགུལ་རྒྱབ་འདུག་ཀྱང་མི་སྣ་ཤི་རྨས་བྱུང་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་མི་འདུག
དེ་ཡང་རྒྱ་ནག་གི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ས་ཡོམ་དེ་བོད་ནང་འདི་ཚེས་༨་རེས་གཟའ་སྤེན་པ་ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོ་དང་སྐར་མ་ཞེ་ལྔའི་སྟེང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཕྱོགས་སུ་རྒྱབ་ཡོད་པ་དང་། ས་འགུལ་ལྟེ་བ་མཚོ་བྱང་ཁུལ་སེམས་ཉིད་རྒྱ་མདོ་རྫོང་ཁོངས་སུ་རྒྱབ་འདུག་པར། ས་ཡོམ་གྱི་འགུལ་ཚད་རིམ་པ་དྲུག་ཚེག་དགུ་དང་། ཟབ་ཚད་རྨིད་བཅུ་ཡིན་པ་བསྒྲགས་པ་ལས། མི་སྣ་ཤི་རྨས་དང་ཁང་པ་གཏོར་སྐྱོན་སོགས་བྱུང་ཡོད་མེད་ཐད་གནས་ཚུལ་གང་ཡང་བཀོད་མི་འདུག
ཟི་ལིང་དུ་གནས་སྡོད་བྱེད་མཁན་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་ས་འགུལ་གྱི་འགུལ་ཤུགས་ཆེན་པོ་ཟི་ལིང་གྲོང་ཁྱེར་ཚོར་ཐུབ་པ་དང་། མི་རྣམས་འཇིགས་སྣང་གིས་ཁང་པའི་ཕྱི་ལ་བྲོས་ནས་ཉེན་ཡོལ་བྱས་བསྡད་འདུག ད་ལྟའི་ཆར་ས་ཡོམ་ཁྲོད་གནོད་སྐྱོན་གང་བྱུང་སོགས་གསལ་བོ་མི་འདུག་ཟེར།
ལོ་སྔོན་མའི་སྤྱི་ཟླ་༥་པའི་ཚེས་༢༢་ཉིན་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་དུ། ས་ཡོམ་འགུལ་ཚད་རིམ་པ་༧.༤་བརྒྱབ་པའི་རྗེས། ས་གནས་ཀྱི་གནས་སྟངས་གང་མཚམས་རིང་ཁ་གསལ་མེད་པར་ལྷག་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་གནས་ཚུལ་ཁ་གསལ་བསྒྲགས་མེད་ཀྱང་། རྗེས་སུ་རྨ་སྟོད་ས་ཡོམ་ཁྲོད་མི་གྲངས་༢༠་རྐྱེན་འདས་དང་༡༣་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎