བོད་ནང་ས་ཡོམ་གྱི་གོད་ཆག་ཁྲོད་བོད་མི་༢༥རྐྱེན་འདས་སུ་ཕྱིན་འདུག


2015.04.29
བོད་ཀྱི་ནུབ་བརྒྱུད་སྐྱིད་གྲོང་སོགས་སུ་ས་ཡོམ་གྱི་གོད་ཆག་བྱུང་སྐབས། ༢༠༡༥།༤།༢༥ བོད་ཀྱི་ནུབ་བརྒྱུད་སྐྱིད་གྲོང་སོགས་སུ་ས་ཡོམ་གྱི་གོད་ཆག་བྱུང་སྐབས། ༢༠༡༥།༤།༢༥
མཐུན་འགྱུར་པར་རིས

བོད་ནང་ས་ཡོམ་གྱི་གོད་ཆག་ཁྲོད་ད་བར་མི་གྲངས་༢༥རྐྱེན་འདས་དང་༤གར་སོང་ཆ་མེད་༣༨༣ལ་རྨས་སྐྱོན་ཕོག་འདུག
དེ་ཡང་གནས་ཚུལ་ལྟར་ན། ཟླ་བ་འདིའི་སྤྱི་ཚེས་༢༥ཉིན་བལ་ཡུལ་དུ་ས་ཡོམ་འགུལ་ཚད་བརྒྱད་ལ་ཉེ་བ་ཞིག་བརྒྱབ་པའི་གོད་ཆག་ཁྲོད་བལ་ཡུལ་ནང་ད་བར་མི་གྲངས་༥༢༠༠ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང༌། བོད་ཀྱི་ནུབ་བརྒྱུད་མཐའ་མཚམས་ཁུལ་དུ་ཡང་ས་ཡོམ་གྱི་གོད་ཆག་ཁྲོད་ད་བར་ཉུང་མཐར་བོད་མི་མི་གྲངས་༢༥ཙམ་གྲོངས་ཡོད་པ་དང་། བཞི་གར་སོང་ཆ་མེད་ཡིན་པ། མི་གྲངས་༣༨༣ཙམ་ལ་ཚད་གཞི་འདྲ་མིན་གྱི་རྨས་སྐྱོན་ཕོག་པ་སོགས་མདོར་ན་མི་གྲངས་ཁྲི་ཕྲག་ཁ་ཤས་ལ་གོད་ཆགས་བྱུང་ཡོད་པ་རེད། བོད་ཀྱི་ནུབ་བརྒྱུད་སྐྱིད་གྲོང་དང་། གཉའ་ནང་། དིང་རི་བཅས་རྫོང་ཁག་གསུམ་ནང་ཁང་པ་བརྒྱ་ཆ་༨༠ཙམ་བརྡིབས་པ་མ་ཟད། སྐྱིད་གྲོང་རྫོང་གི་གནས་རྙིང་ཆོས་སྡེའི་འདུ་ཁང་གི་རྩེག་གསུམ་པ་ཞིག་རལ་དུ་གྱུར་ཡོད་འདུག བྲག་དཀར་རྟ་སོ་དགོན་དང་། འཕགས་པ་དགོན། སྨོན་མཁར་ལྷ་ཁང་སོགས་ཀྱི་གྱང་ལ་གས་སྲུབས་བྱུང་བ་སོགས་ཁྱོན་དགོན་སྡེ་༥༤ལ་ཚད་མི་འདྲ་བའི་གནོད་འཚེ་ཕོག་འདུག
དེ་བཞིན་བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་ཆེ་ཤོས་བྱུང་བ་སོགས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཁ་ས་བལ་ཡུལ་སྤོག་ར་གློ་སྒྲིག་འཛུགས་དཔལ་འབྱོར་གླིང་ས་གནས་སུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཐུན་མོང་ནས་མཆོད་འབུལ་སྨོན་ལམ་ཚོགས་གནང་འདུག

གསར་འགོད་པ་ཀླུ་འབུམ་དང་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎