སྐྱེ་རྒུ་མདོའི་ཉེ་འཁྲིས་ཀྱི་ས་ཁུལ་ཁག་ནང་རོགས་སྐྱོར་འཐོབ་མེད།
2010.05.10
༄༅༎ཉེ་ཆར་བོད་ཀྱི་ས་ཡོམ་ཕོག་ཡུལ་ཁམས་སྐྱེ་རྒུ་མདོའི་ཉེ་འཁྲིས་ཀྱི་ས་ཁུལ་ཁག་ནང་ད་དུང་ཡང་རྒྱ་ནག་གཞུང་གི་རོགས་སྐྱོར་གང་ཡང་གནང་མེད་པའི་གནས་ཚུལ་ཐོན་འདུག
དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་བོད་ནས་བཏང་འབྱོར་གནས་ཚུལ་བཀོད་པར་གཞིགས་ན་སྐྱེ་རྒུ་མདོ་ནས་སྤྱི་ལེ་༤༠བརྒལ་བའི་ཞིང་འབྲོག་ས་ཁུལ་མི་མང་རྣམས་ལ་ད་དུང་ཡང་ལྟ་རྟོག་བྱེད་མཁན་མེད་པར་དཀའ་ངལ་ཤུགས་ཆེའི་ངང་གནས་ཡོད་པའི་སྐོར་གནས་ཚུལ་བཏོན་ཡོད་པ་རེད་
ཉེ་ལམ་རྒྱ་ནག་གི་སྲིད་བློན་ལྦན་ཇའི་པའོ་རོང་པོ་ཁུལ་འཚམས་འདྲིར་ཕེབས་སྐབས་གྱོང་གུན་ཚབས་ཆེ་ཕོག་ཡུལ་དང་ལམ་བར་འཁེལ་ཡུལ་ར་ཉག་དགོན་གི་གཙུག་ལག་སློབ་གཉེར་ཁང་ལ་འཚམས་འདྲི་གཟིགས་བསྐོར་མ་གནང་བ་དེར་དགེ་འདུན་པ་རྣམས་ཀྱིས་བློ་ཕམ་ཚད་མེད་བྱེད་བཞིན་ཡོད་པ་རེད་
ཡང་གོང་ཞུས་བོད་ནས་བཏང་གནང་བའི་གནས་ཚུལ་དེའི་ནང་མ་འོངས་པར་ས་ཡོམ་ཕོག་ཡུལ་སྐྱེ་རྒུ་མདོའི་ས་ཁུལ་ནང་འཛུགས་སྐྲུན་གནང་སྐབས་ལུང་ཁུག་ཁག་ནང་གནས་པའི་དགོན་པ་དང་ཞིང་འབྲོག་མི་མང་ལ་དངོས་ཐོག་བདེན་འཚོལ་དང་རྒྱལ་གཅེས་ཆོས་གཅེས་ དམངས་གཅེས་ཀྱི་སྲིད་བྱུས་ལག་བསྟར་གནང་བའི་རེ་བ་ཡོད་ཅེས་བཀོད་ཡོད་པ་རེད་།