ཉེན་ཚབས་ཆེ་བའི་ནད་འབུ་ཡིན་པ་འཛམ་གླིང་སྤྱི་བསྒྲགས་བྱས་འདུག
2014.08.08
2014-08-08
འཛམ་གླིང་འཕྲོད་བསྟེན་ལྷན་ཚོཊ་ཀྱིསEbolaཞེས་བའི་འགོས་ནད་དེ་ནི་ཧ་ཅང་ཉེན་ཚབས་ཅན་ཞིག་ཡིན་པའི་ཉེན་བརྡ་བཏང་འདུག
དེ་ཡང་འཛམ་གླིང་འཕྲོད་བསྟེན་ལྷན་ཚོཊ་ཀྱིས་དེང་སྐབས་ནུབ་ཨ་ཧྥེ་རི་ཀའི་ཡུལ་གྲུ་ཁག་ནང་ཁྱབ་གདལ་འགྲོ་བཞིན་པའི་Ebolaཞེས་པའི་ནད་ཡམ་དེ་ནི་རྒྱལ་སྤྱིའི་འཕྲོད་བསྟེན་ཐད་ཛ་དྲག་ཡིན་སྐོར་གསལ་བསྒྲགས་གནང་བ་དང་། ནད་ཡམ་དེས་དོ་ཕོག་བྱུང་བའི་ཡུལ་གྲུ་ཁག་ལ་རྒྱལ་སྤྱིས་མཐུན་འགྱུར་རོགས་རམ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ཛ་དྲག་ཚོཌ་ཆུང་གི་ཚོཌ་མི་རྣམས་ཉིན་གཉིས་རིང་གསང་བའི་ཚོཌ་བསྡུ་གནང་བའི་རྗེས་སུ་གོང་ཞུས་ཐག་གཅོད་དང་གསལ་བསྒྲཌ་དེ་གནང་བ་ཞིག་ཡིན་པ་དང་། ད་བར་ནུབ་ཨ་ཕེ་རི་ཀའི་ཡུལ་གྲུ་ཁག་ནང་Ebola ཞེས་པའི་ནད་གཞི་དེ་ཕོག་མཁན་མི་གྲངས་ཆིག་སྟོང་ཙམ་རྐྱེན་ལམ་དུ་ཕྱིན་པའི་རྒྱུ་མཚན་ལ་བརྟེན་ནས་ཡུལ་གྲུ་དེ་དག་ནས་མཁའ་ལམ་ཐོག་ཡུལ་གྲུ་གཞན་ལ་བསྐྱོད་མི་ཡོངས་རྫོཌ་ལ་ནད་གཞི་དེ་ཕོག་ཡོད་མེད་དབྱེ་སེལ་བྱེད་དགོས་པའི་འབོད་སྐུལ་ནན་པོ་གནང་འདུག དེ་ལྟར་འགྲུལ་བསྐྱེལ་གནམ་གྲུ་ཡོངས་ཀྱིས་ནད་གཞི་དེ་ཁྱབ་གདལ་མི་འགྲོ་བའི་སྔོན་འགོག་དོ་ནན་པོ་བྱེད་དགོས་ཀྱང་ནད་གཞི་དེ་ཡོད་པའི་ཡུལ་གྲུ་ཁག་ལ་གནམ་གྲུ་འཕུར་བསྐྱོད་མུ་མཐུད་ནས་བྱེད་དགོས་པའི་འབོད་སྐུལ་གནང་འདུག འཛམ་གླིང་འཕྲོད་བསྟེན་ལྷན་ཚོཌ་ཀྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་ཡུལ་གྲུ་དང་གནམ་ཐང་ཚང་མས་Ebolaནད་གཞི་དེའི་སྐོར་ཤེས་རྟོགས་དང་ཞིབ་འཇུག་བྱེད་དགོས་པ་དང་། གལ་ཏེ་Ebolaནད་གཞི་ཕོག་མི་བྱུང་ཚེ་ནད་དེ་སྟངས་འཛིན་བྱེད་སྟངས་ཐད་གྲ་སྒྲིག་བྱེད་དགོས་སྐོར་ཡང་གསུངས་འདུག
གཟའ་ཕུར་བུའི་ཉིན་ཨ་མེ་རི་ཀའི་འཕྲོད་བསྟེན་དང་འབྲེལ་ཡོད་ཀྱི་དཔོན་རིགས་ཚོས་ཨི་བྷོ་ལ་ཞེས་པའི་ནད་དེ་ནུབ་ཨ་ཕེ་རི་ཀའི་ཡུལ་གྲུ་ཁག་གི་ཕྱི་ཕྱོཌ་ལ་ཁྱབ་གདལ་འགྲོ་རྒྱུ་གཡོལ་ཐབས་འབྲལ་བའི་སྐོར་ངོས་ལེན་གནང་བ་དང་། རྒྱལ་མཚམས་མེད་པའི་སྨན་པའི་ལྷན་ཚོཌ་ཀྱིས་ཀྱང་Ebolaཔའི་ནད་འབུ་དེ་ནི་ཧ་ཅང་ཉེན་ཚབས་ཅན་ཞིག་ཡིན་པའི་ཉེན་བརྡ་བཏང་བ་དང་ད་ཆ་ནད་གཞི་སྟངས་འཛིན་མ་ཐུབ་པར་ས་གནས་༦༠་ལྷག་ལ་ཁྱབ་གདལ་ཕྱིན་ལུཌ་བརྗོད་པའི་རྗེས་སུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོཌ་ཀྱིས་གོང་ཞུས་གསལ་བསྒྲཌ་དེ་གནང་འདུག
Ebola ཞེས་པའི་ནད་གཞི་ཚབས་ཆེ་ཞིག་ཡིན་པ་དང་། དེའི་ནད་འབུ་དེ་མི་ནས་མི་ལ་འགོས་ཀྱི་ཡོད་པ་དང་། དེ་ཕོག་མི་བརྒྱ་ཆ་༩༠་རྐྱེན་འདས་སུ་འགྲོ་ཡོད་འདུག ནད་དེ་ཕོག་དུས་ཚ་བ་ཆེན་པོ་འབར་བ་དང་། མགོ་ན་བ། སྐད་དགག་པ། ལུས་པོ་ཧ་ཅང་སྐྱོ་བོ་ཆཌ་པ། ནད་གཟུཌ་ཚབས་ཆེ་བཏང་བའི་རྗེས་སུ་སྐྱུག་པ་ཤོར་བ་དང་། བཤལ་བ། ཐོར་བསིབ་ཐོན་པ་མཁལ་མ་དང་གློ་བའི་བྱེད་ལས་ཉམས་བཅུག་གི་ཡོད་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།
2014-08-01
ནུབ་ཨ་ཧྥི་རི་ཀའི་ཡུལ་གྲུ་ཁག་ནང་Ebolaཞེས་པའི་འགོས་ནད་བཏང་འཛིན་བྱེད་མ་ཐུབ་པར་ཁྱབ་གདལ་ཤུཊ་ཆེ་འགྲོ་བཞིན་པའི་སྔོན་བརྡ་བཏང་འདུག
དེ་ཡང་Doctors without Borders འམ་རྒྱལ་མཚམས་མེད་པའི་སྨན་པའི་ལྷན་ཚོཌ་ཞེས་པའི་སྤྱིན་གཏོང་ཚོཊ་པས་ནུབ་ཨ་ཧྥི་རི་ཀའི་རྒྱལ་ཁབ་Guineaདང་། Liberia དེ་བཞིན་Sierra Leone བཅས་ནང་Ebola ཞེས་པའི་འགོས་ནད་ཁྱབ་གདལ་ལ་ཤུགས་ཆེ་འགྲོ་བཞིན་པ་དང་། ནད་ཡམས་དེ་འཛམ་གླིང་ནང་ཁྱབ་གདལ་སྔོན་འགོག་ཆེད་ཀྱི་ཐབས་ཇུས་མེད་སྐོར་སྔོན་བརྡ་བཏང་འདུག ཨ་མེ་རི་ཀའི་སྦྱིན་གཏོང་ཚོཊ་པ་US Christian Charity Samaritan’s Purse ཟེར་བས་ Liberia འི་ཁུལ་དུ་བརྟན་ལྷིང་མེད་པ་དང་། བདེ་འཇཌ་སྲུང་སྐྱོབ་ཀྱི་གནད་དོན་ཡོད་མུས་ཀྱི་རྐྱེན་པས་Liberia ནང་དགོས་ངེས་ཅན་གྱི་ལས་བྱེད་མིན་པ་ཚང་མ་འཕྲལ་སེལ་རིང་ཕྱིར་འཐེན་བྱ་རྒྱུའི་གསལ་བསྒྲགས་བྱས་འདུག
ཡང་ཧོང་ཀོང་གིས་ནད་གཞི་དེ་ཡོད་པར་དོགས་གཞི་ཡོད་མི་ཚོ་ཟུར་དུ་བཀག་ཉར་བྱ་རྒྱུ་ཡིན་ལུཊ་གསལ་བསྒྲཊ་བྱས་འདུག Ebola ཞེས་པའི་ནད་གཞི་དེ་ཕོག་ཚེ་མི་དེར་ཚ་བ་ཆེན་པོ་འབར་བ་དང་ན་ཟུག་ཚབས་ཆེ་གཏོང་བ། སྐྱུག་པ་ཤོར་བ་དང་བཤལ་ནས་ཉི་ཤས་ནང་ཚུད་རྐྱེན་འདས་འགྲོ་གིན་ཡོད་འདུག འདི་ལོའི་ཕྱི་ཟླ་གསུམ་པའི་ནང་ནས་བཟུང་ནད་གཞི་དེ་ཕོག་པ་མི་གྲངས་༡༢༠༡་བྱུང་བའི་ནང་ནས་Guinea་དང་། Liberia, Siera Leoneབཅས་ནང་ད་བར་སྔ་ཕྱིར་མི་གྲངས་༦༧༢་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།
གསར་འགོད་པ་བསོད་ནམས་ལྷ་མོ།