བསམ་འཆར་ཡོད་ན་ཤེས་རིག་ལས་ཁུངས་ལ་ཐད་ཀར་གསུངས་རོགས།


2016.08.02
ཤེས་རིག་ལས་ཁུངས་ནས་བཏོན་པའི་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ། ༢༠༡༦།༧ ཤེས་རིག་ལས་ཁུངས་ནས་བཏོན་པའི་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ། ༢༠༡༦།༧
དྲ་བཤུས།

དེ་ཡང་ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གཏན་འབེབས་དང་། དཔར་འགྲེམས་ཞུས་པའི་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་ཐད་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་བསམ་ཚུལ་མང་པོ་ཐོན་བཞིན་ཡོད་པར། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་དོ་འཁུར་གྱིས་བགྲོ་གླེང་གནང་བར་དགའ་བསུ་དང་སྦྲགས། དེ་དང་འབྲེལ་བའི་དངོས་ཡོད་གནས་ཚུལ་ཁག་ཅིག་གསལ་བཤད་གནང་འདུག།
ཕྱི་རྒྱལ་དུ་ཡོད་པའི་བོད་མི་གནས་ཡུལ་ས་གནས་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཚོགས་སྒེར་ཁག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་ཆེད་གཟའ་མཇུག་སློབ་གྲྭ་དང་། འཛིན་གྲྭ་གསར་འཛུགས་དང་། བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་གི་འབྲེལ་ཡོད་དགེ་རྒན་རྣམས་ནས་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་བོད་ཡིག་སློབ་དེབ་རགས་ཟིན་བཟོ་འགོད་གནང་ཡོད་པ་ནས་སྔོན་འགྲོ་དང་། འཛིན་རིམ་དང་པོ་དང་གཉིས་པ་བཅས་ཀྱི་སློབ་དེབ་ཤེས་རིག་ལས་ཁུངས་ནས་གཏན་འབེབས་ཀྱིས་ཉེ་ཆར་པར་བསྐྲུན་དང་། འགྲེམས་སྤེལ་གནང་ཡོད་པར་སྤྱི་ཚོགས་དྲ་ལམ་ཁག་ཏུ་བསམ་ཚུལ་བཏོན་པ་ཙམ་ལས་ཤེས་རིག་ལས་ཁུངས་སུ་དེ་འབྲེལ་གྱི་ཡིག་ངག་གང་རུང་ནས་བསམ་ཚུལ་འབུལ་མཁན་གཅིག་ཀྱང་བྱུང་མེད་སྟབས་ཤེས་རིག་ལས་ཁུངས་ཀྱིས་ད་ལནགསལ་བཤད་འདི་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ། བོད་ཀྱི་སྐད་ཡིག་དེ་བཞིན་སྐད་ཡིག་གཉིས་པའི་ཚུལ་དུ་ཁྲིད་ཐབས་ཀྱི་བསླབ་གཞི་དང་། སློབ་ཁྲིད་ཐབས་ལམ། སློབ་དེབ་རྩོམ་སྒྲིག་ཞུ་ཕྱོགས་སོགས་ལ་དགོངས་འཆར་གང་ཡོད་པ་རྣམས་ཤེས་རིག་ལས་ཁུངས་སུ་ཡིག་ཐོག་ནས་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་འདུག།
དེ་བཞིན་གོང་དུ་ཞུས་པའི་སློབ་དེབ་ཁག་ནང་དག་ནོར་ཁག་ཅིག་བྱུང་འདུག་པར་ཤེས་རིག་ལས་ཁུངས་ནས་བཟོད་གསོལ་དང་སྦྲགས་མ་འོངས་སློབ་དེབ་བཅོས་སྒྲིག་གིས་མཐའ་མའི་གཏན་འབེབས་སྐབས་ནོར་འཁྲུལ་དེ་རིགས་མི་ཡོང་བ་གཙོ་དོན་གནང་རྒྱུ་ཡིན་ལུགས་གསུངས་འདུག
ཉེ་བའི་ནང་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་དྲ་བར་ཤེས་རིག་ལས་ཁུངས་ནས་བཏོན་པའི་བྱང་ཨ་རིའི་གཟའ་མཇུག་འཛིན་གྲྭའི་བོད་ཡིག་སློབ་དེབ་ནང་གི་དག་ནོར་དང་སྐྱོན་ཆ་ཁག་ལ་གླེང་སློང་ཤུགས་ཆེན་བྱུང་ཡོད་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎