བོད་ཀྱི་སྐད་ཡིག་ནང་དེང་དུས་ཚན་རིག་ཐ་སྙད་བསྒྱུར་སྟངས།

བོད་ཀྱི་སྐད་ཡིག་ནང་དེང་དུས་ཀྱི་ཚན་རིག་དང་འཕྲུལ་རིག་དང་གི་ཐ་སྙད་བསྒྱུར་སྟངས་གཏན་འབེབས་གནང་རྒྱུའི་ཚོཌ་འདུ་ཚོཌ་པ།

2008.08.12

༄༅༎བཙན་བྱོལ་བོད་གཞུང་བཀའ་ཤག་གི་བཀོད་ཁྱབ་འོག་ ཤེས་རིག་ལྷན་ཁང་གིས་ཁ་སྔོན་ཕྱི་ཟླ་ ༧པའི་ཚེས་ ༢༩ ནས་ཟླ་བ་འདིའི་ཚེས་ ༦ བར་ཉིན་གྲངས་ ༨ རིང་ བོད་ཀྱི་སྐད་ཡིག་ནང་དེང་དུས་ཀྱི་ཚན་རིག་དང་ འཕྲུལ་རིག་དང་འབྲེལ་བའི་ཐ་སྙད་བསྒྱུར་སྟངས་གཏན་འབེབས་གནང་རྒྱུའི་ཐ་སྙད་ལས་འཆར་གྱི་ཆེས་མཐོའི་ཚོགས་འདུ་ཞིག་སྐོང་འཚོགས་གནང་ཡོད་པ་རེད་ དུས་ཡུན་དེའི་རིང་ བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་ སྐུ་ཞབས་ ལྷག་རྡོར་ལགས་ཀྱིས་གཙོ་སྐྱོང་འོག་ ཐ་སྙད་ཚོགས་ཆུང་གིས་བོད་ཀྱི་སྐད་ཡིག་ནང་ ཚན་རིག་དང་ འཕྲུལ་རིག་དང་འབྲེལ་བའི་ཐ་སྙད་ཉེས་སྟོང་ཙམ་གཏན་འབེབས་གནང་ཡོད་པ་རེད་ ཐ་སྙད་གཏན་འབེབས་ཚོགས་ཆུང་ཁོངས་སུ་བོད་གཞུང་སྨན་རྩིས་ཁང་གི་སྨན་པ་ པད་མ་རྡོ་རྗེ་ལགས་དང་ ལྦ་ཎ་མཐོ་རིམ་སློབ་གྲའི་བློ་བཟང་ནོར་བུ་ལགས་དང་ བཞུགས་སྒར་རྡ་རམ་ས་ལའི་བོད་ཕྲུག་ཁྱིམ་སྡེའི་ཤེས་རིག་སྡེ་ཚན་དང་ བཙན་བྱོལ་བོད་གཞུང་གི་ཤེས་རིག་དྲུང་ཆེ་ཨ་ཅར་ཡ་ཀརྨ་སྨོན་ལམ་ལགས་བཅས་ཀྱིས་མཉམ་ཞུགས་གནང་ཡོད་པ་རེད།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎