༸གོང་ས་མཆོག་སྐྱེ་རྒུ་མདོར་ཆིབས་བསྒྱུར་གནང་རྒྱུའི་ཐུགས་རེ།

༸གོང་ས་མཆོག་གི་ཐུགས་དགོངས་གསལ་འདོན་གནང་བ་བཞིན་རྒྱ་ནག་གཞུང་ནས་བཟང་ཕྱོགས་ཀྱི་ཚོར་སྣང་ལན་འཆར་གནང་དགོས།

2010.05.13

༄༅༎སྒ་སྐྱེ་རྒུ་མདོའི་ནང་ས་ཡོམ་གྱི་གོད་ཆགས་ཕོག་པའི་བོད་མི་ཚོས་སྨོན་ལམ་གསོལ་འདེབས་བྱེད་པ་བཞིན་བོད་ཀྱི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་ཡོམ་ཕོག་ཡུལ་སྐྱེ་རྒུ་མདོའི་ནང་ཆིབས་བསྒྱུར་གནང་རྒྱུའི་ཐུགས་ཀྱི་དགོངས་པ་གསལ་འདོན་གནང་པ་དེར་ རྒྱ་ནག་གཞུང་ཕྱོགས་ནས་བཟང་ཕྱོགས་ཀྱི་ཚོར་སྣང་ལན་འཆར་གནང་དགོས་པའི་སྐོར་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་མཆོག་ནས་སླར་ཡང་ནན་བརྗོད་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག

ཟླ་བ་སྔོན་པ་ཚེས་༡༤ཉིན་སྐྱེ་རྒུ་མདོའི་ནང་ས་ཡོམ་གྱི་རྐྱེན་ངན་གོད་ཆགས་བྱུང་ནས་ཉིན་གསུམ་གྱི་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ས་ཡོམ་གྱི་གོད་ཆགས་ནང་རྐྱེན་ལམ་དུ་ཕྱིན་པ་དང་ རྨས་སྐྱོན་ཕོག་པ་རྣམས་ལ་ཐུགས་གསོའི་སྨོན་ལམ་གསོལ་འདེབས་གནང་པ་དང་སྦྲགས་ས་གནས་ཀྱི་བོད་མི་ཚོས་ཇི་ལྟར་རེ་སྒུག་བྱེད་པ་བཞིན་༸གོང་ས་མཆོག་གི་ཀྱང་ས་གནས་སུ་ཆིབས་བསྒྱུར་གནང་རྒྱུའི་ཐུགས་འདོད་ཡོད་པ་བཀའ་གནང་ཡོད་པ་རེད་ རེས་གཟའ་ལྷག་པའི་ཉིན་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་ཡིས་ཨ་རིའི་རྒྱང་སྲིང་རླུང་འཕྲིན་ཁང་གིས་བཅར་དྲིར་དང་ལན་གནང་པའི་ནང་རྒྱ་ནག་གི་འགོ་འཁྲིད་རྣམ་པ་ཚོས་ཕུགས་འགྱངས་རིང་པོར་གཟིགས་ཏེ་གལ་སྲིད་༸གོང་ས་མཆོག་གི་ཐུགས་དགོངས་གསལ་འདོན་གནང་པ་བཞིན་སྐྱེ་རྒུ་མདོ་རུ་༸གོང་ས་མཆོག་ཆིབས་བསྒྱུར་གནང་ཆོག་པའི་ཐག་གཅོད་གནང་ཚེ་བོད་མི་གནས་ཡུལ་ས་ཕྱོགས་ཚང་མ་ནས་རྒྱ་ནག་ཐོག་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མཛའ་སེམས་ཀྱི་ཀུན་སློང་འཕེལ་རྒྱུ་མ་ཟད་ལྷག་པར་དུ་ས་ཡོམ་གྱི་གོད་ཆགས་ཕོག་པའི་སྐྱེ་རྒུ་མདོའི་བོད་མི་ཚོར་སེམས་ཚོར་ཆེན་པོ་ཡོང་རྒྱུ་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད་

༸གོང་ས་མཆོག་སྐྱེ་རྒུ་མདོའི་ནང་ཆིབས་བསྒྱུར་གནང་རྒྱུའི་ཐུགས་འདོད་གསལ་འདོན་གནང་བ་བཞིན་དམིགས་བསལ་སྐུ་ཚབ་མཆོག་ནས་  རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ལྷན་དང་གནད་དོན་འདིའི་སྐོར་འབྲེལ་གཏུགས་གནང་མུས་ཡིན་པ་དང་བཙན་བྱོལ་བོད་གཞུང་གི་སྣེ་འཁྲིད་འོག་བཙན་བྱོལ་བོད་མི་ཚོའི་ངོས་ནས་༸གོང་ས་མཆོག་སྐྱེ་རྒུ་མདོའི་ནང་ཆིབས་བསྒྱུར་གྱི་གནད་དོན་དེ་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤིག་ལ་བསྒྱུར་འདོད་གང་ཡང་མེད་ལ་ ཆབ་སྲིད་ཀྱི་ཁེ་ཕན་ལེན་རྒྱུའི་ཀུན་སློང་ཡང་གང་ཡང་མེད་ཅེས་ནན་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎