སྐུ་ཚབ་དོན་གཅོད་ཚོའི་ལས་གནས་རང་འཇཌ་བཀོད་སྒྲིག

བཀའ་ཤག་གིས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པ་དང༌སྐུ་ཚབ་དོན་གཅོད་རྣམ་པ་ལས་གནས་རང་འཇགས་སུ་བཀོད་སྒྲིག།

2011.06.14

༄༅༎བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་རྗེས་ བཀའ་ཤག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པ་དང༌། སྐུ་ཚབ་དོན་གཅོད་རྣམ་པ་ལས་གནས་རང་འཇགས་སུ་བཀོད་སྒྲིག་གནང་ཡོད་པ་རེད།

ཕྱི་ཟླ་ ༥ ཚེས་ ༣༠ ཉིན་འཛིན་སྐྱོང་བཀའ་ཤག་གིས་བཀོད་ཁྱབ་གནང་བ་ཞིག་ ཕྱི་ཟླ་ ༦ ཚེས་ ༡༤ ཉིན་ཡོངས་ཁྱབ་གནང་ཡོད་པ་དེའི་ནང༌།  དེ་སྔོན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཆར་འབུལ་ཕྱག་རྟགས་ཀྱི་ལམ་ནས་བསྐོ་བཞག་བྱས་པའི་སྐུ་ཚབ་དོན་གཅོད་རྣམ་པའི་ལས་དུས་རང་བཞིན་གྱིས་རྫོགས་པ་དེ་ལྟར་ཡང༌། བཀའ་ཤག་གིས་བཀོད་ཁྱབ་གསར་པ་མ་བྱུང་བར་གཤམ་གསལ་རྣམས་ཀྱི་ལས་གནས་རང་འཇགས་སུ་བསྐོ་བཞག་བྱས་པ་ཡིན་ཞེས་འཁོད་ཡོད་པ་དང༌།  དེའི་ནང་དང་པོ་བཀའ་བློན་བསྟན་པ་ཚེ་རིང་མཆོག་ལྡི་ལིའི་སྐུ་ཚབ་དོན་གཅོད་དང༌། བཀའ་ཟུར་རྫ་ཡུལ་བློ་བཟང་སྙན་གྲགས་ལགས་མུ་འཐུད་ཨ་རིའི་སྐུ་ཚབ་དོན་གཅོད།  ངག་དབང་རབ་རྒྱལ་ལགས་མུ་འཐུད་རུ་སོག་སྐུ་ཚབ་དོན་གཅོད།  མཚོ་མགོ་ལྷག་པ་ལགས་མུ་འཐུད་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད།  ཟླ་བ་ཚེ་རིང་ལགས་མུ་འཐུད་ཐེ་ཝན་སྐུ་ཚབ་དོན་གཅོད། བསོད་ནམས་བསྟན་འཛིན་ལགས་མུ་འཐུད་ལྷོ་ཨཕྷ་རི་ཀའི་སྐུ་ཚབ་དོན་གཅོད། དྭགས་པོ་བསོད་ནམས་ནོར་བུ་ལགས་མུ་འཐུད་ཨའོསི་ཊརེ་ལི་ཡའི་སྐུ་ཚབ་དོན་གཅོད།  ཐུབ་བསྟན་བསམ་གྲུབ་ལགས་དབྱིན་ལེན་སྐུ་ཚབ་དོན་གཅོད།  ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་མུ་འཐུད་སུད་སིའི་སྐུ་ཚབ་དོན་གཅོད་བཅས་སུ་རང་འཇགས་བསྐོ་བཞག་བསྩལ་བ་དང༌། བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་ ༣ པའི་དགོངས་དོན་ལྟར་གོང་གསལ་སྐུ་ཚབ་དོན་གཅོད་རྣམས་ཀྱི་ལས་རྒྱུན་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་གསོལ་སྩལ་བཀྲིན་ཆེ་རྒྱུ་ཡིན་པ་རེད།

དེ་བཞིན་བོད་རྒྱ་ཞི་མོལ་གྱི་ལས་དོན་གཙོ་སྐྱོང་གནང་མཁན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་ སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱི་མཛད་འགན་ཡང་མུ་འཐུད་གནས་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད། ཡང་ད་ཡོད་ལས་ཁུངས་ཁག་གི་དྲུང་ཆེ་ཡོངས་རྫོགས་ཀྱི་མཛད་འགན་ཡང་མུ་འཐུད་རང་འཇགས་སུ་གནས་རྒྱུ་ཡིན་པ་བཀའ་ཤག་གིས་བཀོད་ཁྱབ་གསལ་བསྒྲགས་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎