ཨེ་སི་ཀྲོ་ནི་ཡའི་ནང་བོད་དོན་ཚོགས་པ་གསར་བཙུགས་གནང་བ།

ཨི་སི་ཏོ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་མི་དྲུག་ཡོད་པའི་བོད་དོན་ཚོགས་པ་གསར་པ་ཞིག་ཆེད་འཛུགས་གནང་ཡོད་པའི་གནས་ཚུལ་ཐོན་འདུག

2011.04.09

༄༅༎ཨི་སི་ཏོ་ནི་ཡའི་ཡུལ་དེ་བཞིན་སྤྱི་ལོ་༡༩༩༢་ལོར་རང་བཙན་གྱི་ཡུལ་ཞིག་ཏུ་གྱུར་བ་ནས་བཟུང་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་ཀྱི་གནད་དོན་ཐད་ག་དུས་ཡིན་ནའི་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་རོགས་རམ་གནང་གི་ཡོད་པ་རེད།

ད་རེས་སླར་ཡང་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་ཀྱི་ཚོགས་མི་དྲུག་ཡོད་པའི་བོད་དོན་ཚོགས་པ་གསར་པ་ཞིག་ཆེད་འཛུགས་གནང་ཡོད་པ་དེའི་འགོ་ཁྲིད་དེ་ཨེན་དྲེ་རེསི་ཧར་ཀལ་གནང་གི་ཡོད་པ་རེད། དེ་བཞིན་ཁོང་གིས་ཨི་སི་ཏོ་ནི་ཡའི་ནང་ཆོས་སློབ་གཉེར་ཁང་གི་དབུ་འཛིན་སིལྦེན་ག་རན་སྦག་ཞུ་བ་ཁོང་དང་མཇལ་འཕྲད་བཀའ་བསྡུར་གནང་སྟེ།འདི་ལོ་སྤྱི་ལོ་༢༠༡༡སྤྱི་ཟླ་༨་པའི་ནང་བོད་མིའི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨི་སི་ཏོ་ནི་ཡའི་ཞབས་སོར་བཀྲིན་འཁོད་རྒྱུ་དང་དེ་གའི་མི་མང་ཚོར་ཆོས་འབྲེལ་གྱི་བཀའ་སློབ་གསུང་ཆོས་གནང་བར་གདན་འདྲེན་ཞུ་རྒྱུའི་ཐུགས་གཏན་འཁེལ་ཡོད་པ་རེད། ༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔོན་སྤྱི་ལོ་༡༩༩༡་དང་༢༠༠༡་ལ་ཨི་སི་ཏོ་ནི་ཡའི་ནང་ཞབས་སོར་བཀྲིན་འཁོད་གནང་ཡོད་པ་རེད། དེ་བཞིན་ད་ལོ་སྤྱི་ཟླ་༥པའི་ནང་༧གོང་ས་མཆོག་གི་ཡོ་རོབ་ཀྱི་ཁུལ་གྱི་སྐུ་ཚབ་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་ཨི་སི་ཐོ་ནི་ཡའི་ནང་གཟིགས་བསྐོར་ཞིག་ཕེབས་འཆར་ཡོད་པ་རེད། ད་ཉིན་སྤྱི་ལོ་༢༠༡༠སྤྱི་ཟླ་༦པའི་ནང་ཁོང་ཨི་སི་ཐོ་ནི་ཡའི་ནང་ཐེངས་དང་པོ་དེ་ཕེབས་མྱོང་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎