བལ་ཡུལ་ནང་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ།

བལ་ཡུལ་ནང་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་དེས་ཆབ་སྲིད་ཀྱི་གནད་དོན་ཐོག་ལའང་དོ་ཕོག་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་དཔྱད་ཞིབ།

2012.05.31

༄༅༎བལ་ཡུལ་ནང་མི་རིགས་དབྱེ་འབྱེད་ཀྱི་དཀའ་ངལ་དེས་ཆབ་སྲིད་ཀྱི་གནད་དོན་ཐོག་ལའང་དོ་ཕོག་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་དཔྱད་ཞིབ་བྱས་འདུག

ལོ་ངོ་མང་པོའི་རིང་ནས་བལ་ཡུལ་ནང་མི་རིགས་འདྲ་མིན་ཡོད་པའི་ཆ་ནས་ནང་ཁུལ་དང་། གཞུང་གི་འཛིན་སྐྱོང་བྱེད་ཕྱོགས་བཅས་པར་དཀའ་ངལ་ཡོད་མུས་ཡིན་པའི་ཁར་ད་ཆ་རྩ་ཁྲིམས་གཏན་འབེབས་བྱེད་རྒྱུའི་དུས་ཚོད་འདིར་ཡང་དམིགས་བསལ་དཀའ་ངལ་འཕྲད་ཀྱི་ཡོད་འདུག

དཔེར་ན། དེ་སྔ་རྒྱལ་པོའི་དུས་སུ་རིགས་རུས་མཐོ་དམན་གྱི་དབྱེ་བ་ཡོད་པ་དང་། རིགས་མཐོ་བའམ་སྐུ་དྲག་གྱི་རིགས་ལ་གོ་སྐབས་དང་། ཐོབ་ཐང་ཆེ་བ་ཡོད་པ་སོགས་ཀྱིས་མའོའི་གྱེན་ལོག་ཤོག་གིས་མང་ཚོགས་ནང་རིགས་རུས་ཀྱི་དབྱེ་བ་མེད་པ་ཞིག་བཟོ་རྒྱུའི་ཁས་ལེན་བྱས་པ་སོགས་ཀྱི་ཡུལ་ནང་ཟིང་ཆ་ཆེན་པོ་བྱུང་ཡོད་པ་རེད། འོན་ཀྱང་མའོའི་ཤོག་ཁག་ནས་གནད་དོན་འདིའི་ཐོག་དཀའ་ངལ་དེ་ཙམ་སེལ་ཐུབ་མེད་པ་རེད། ལྷག་པར་དུ་བལ་ཡུལ་ནང་གཞུང་བརྟན་པོ་ཞིག་འཛུགས་མི་ཐུབ་པ་དེས་རང་བཞིན་གྱིས་རྩ་ཁྲིམས་བཟོ་རྒྱུ་ལྟ་ཅི་མི་མང་གི་བདེ་སྡུག་ལའང་འཛིན་སྐྱོང་བྱེད་རྒྱུར་དཀའ་ངལ་འཕྲད་ཡོད་པ་རེད། རྩ་ཁྲིམས་བཟོས་པའི་སྐབས་མི་རིགས་དབྱེ་འབྱེད་ཀྱི་ཐོག་ནས་མངའ་སྡེ་དང་། ཐོབ་ཐང་ཆ་བགོས་བྱེད་རྒྱུ་དེའི་ཐོག་དཀའ་ངལ་འཕྲད་ཡོད་པ་རེད། ཕྱོགས་གཅིག་ལ་གྲངས་ཉུང་མི་རིགས་དཔེར་ན། རྟ་དམག་དང་། ཐ་རུ། ལིམ་བུ། ནེ་ཝ་རི་སོགས་ཡོད་པ་དང་། ཕྱོགས་གཞན་ཞིག་ཏུ་རིགས་མཐོ་བར་བརྩིས་པའི་བྷ་ར་མིན་ཞེས་བྲམ་ཟེའི་རིགས་དང་། ཆེ་ཏི་རི་སོགས་སྐུ་དྲག་རིགས་སུ་བརྩིས་པའི་མི་རིགས་ཁག་ཅིག་ཡོད་པ་སོགས་བལ་ཡུལ་ནང་མི་རིགས་འདྲ་མིན་བརྒྱ་ལྷག་ཙམ་ཡོད་སྟབས་དེ་དག་ལ་ཆ་བགོས་བྱེད་རྒྱུ་ཁག་པོ་ཙམ་མ་ཡིན་པར་ནང་ཁུལ་ཟིང་ཆ་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་པའི་དཔྱད་ཞིབ་བྱས་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎