མི་རིགས་མཐུན་སྒྲིལ་དང་ཡར་ཐོན་དཔེ་མཚོན་གྱི་ས་ཁུལ་ཟེར་བའི་ཐོག་ལ་བྱེད་སྒོ་སྤེལ་བཞིན་པ།


2020.06.13
བོད་མི་གཉིས་ཀྱིས་ཁ་རས་རྒྱབ་ནས་པེ་ཅིང་དུ་ཡུལ་སྐོར་བྱེད་བཞིན་པ། ༢༠༢༠།༡།༢༣ བོད་མི་གཉིས་ཀྱིས་ཁ་རས་རྒྱབ་ནས་པེ་ཅིང་དུ་ཡུལ་སྐོར་བྱེད་བཞིན་པ། ༢༠༢༠།༡།༢༣
AFP

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་མཚོན་ས་ཁུལ་ཟེར་བའི་སྲིད་བྱུས་དེས་ཕྱི་ཕྱོགས་སུ་བོད་རྒྱ་མི་རིགས་དབར་མཐུན་སྒྲིལ་ཡག་པོ་ཡོད་པའི་རྣམ་པ་བཏོན་པ་ཙམ་ལས་དོན་དངོས་སུ་སྲིད་བྱུས་དེས་རིམ་བཞིན་བོད་ཀྱི་སྐད་ཡིག་དང་།  ཡུལ་སྲོལ་གོམས་གཤིས་ཉམས་རྒུད་འགྲོ་རྒྱུར་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་གསལ་སྟོན་གནང་བྱུང།

དེ་ཡང་བོད་ནས་མཚན་འདོན་གནང་འདོད་མེད་པའི་བོད་མི་ཞིག་གིས་གསུང་ན།   འདི་ལོ་ཕྱི་ཟླ་༥ཚེས་༡ཉིན་ལྷ་སའི་བརྙན་འཕྲིན་ཁང་དང་། བོད་ལྗོངས་བརྙན་འཕྲིན་ཁང་སོགས་བརྙན་འཕྲིན་དང་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་དཔེ་མཚོན་ས་ཁུལ་ཟེར་བའི་སྐོར་ཁྱབ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་མ་ཟད།  ཉེ་ལམ་ལྷ་སའི་ཉེ་འཁོར་གྱི་གྲོང་སྡེ་དང་ཞིང་འབྲོག་ས་ཁུལ་ནང་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་དཔེ་མཚོན་གྱི་ས་ཁུལ་ཟེར་བའི་ཐོག་ལ་བྱེད་སྒོ་སྤེལ་བཞིན་ཡོད་འདུག་ཀྱང་གནད་དོན་དེ་ཚོའི་ཐོག་ཁ་གསལ་ཞུ་ཡས་ཁག་པོ་ཡོད་པ་གསལ་སྟོན་གནང་བྱུང་།

ཡང་ཁོང་གིས་ད་རེས་བོད་རང་སྐྱོང་ལྗོངས་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་མཚོན་ས་ཁུལ་ཟེར་བའི་སྲིད་བྱུས་དེར་བོད་ནང་ཡོད་པའི་བོད་མི་ཚོར་བསམ་ཚུལ་ཆེན་པོ་བྱུང་ཡོད་ཀྱང་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་ཞིབ་ཕྲག་ཞུ་ཐབས་མེད་པ་དང་། ལྷག་པར་དུ་སྲིད་བྱུས་དེས་བོད་མི་རིགས་ཀྱི་ངོ་བོ་གྱུར་ཐབས་བྱ་རྒྱུའི་སྲིད་བྱུས་ཞིག་ཡིན་པར་ཁོང་གིས་ངོས་འཛིན་གནང་གི་འདུག

བོད་ནང་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་དཔེ་མཚོན་ས་ཁུལ་ཟེར་བའི་སྲིད་བྱུས་གཏན་འབེབས་བྱས་པ་དེར་རྒྱ་ནག་གཞུང་གིས་བོད་རྒྱ་མཐུན་སྒྲིལ་ཡག་པོ་དང་། བོད་ནང་ཞི་བདེ་ལྷིང་འཇགས་ཡོད་པ་ཕྱིའི་རྒྱལ་ཁབ་ནང་དྲིལ་བསྒྲགས་སྤེལ་རྒྱུའི་ཆེད་དུའང་ཡིན་པ་ཁོང་གིས་ངོ་སྤྲོད་གནང་གི་འདུག

འདི་ལོ་ཕྱི་ཟླ་༥ཚེས་༡ཉིན་བོད་རང་སྐྱོང་ལྗོངས་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་མཚོན་ཟེར་བའི་སྲིད་བྱུང་ལག་བསྟར་དངོས་སུ་འགོ་བཙུགས་པ་དེར་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ཆེས་མཐོའི་ལས་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཨ་མི་རི་ཀའི་ཊོམ་ལེན་ཊོས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་འཐུས་མི་ཇིམ་མེཀ་གྷོ་ཝན་( Jim McGovern) སོགས་ནས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ནི་བོད་མིའི་ངོ་བོ་རྩ་མེད་གཏོང་ཐབས་ཀྱི་བྱ་སྤྱོད་ཞིག་ཡིན་པ་རེད་ཅེས་སྐྱོན་བརྗོད་གནང་ཡོད་པ་རེད།

༢༠༢༠ ཟླ་ ༡ ཚེས་ ༡༡ ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ ༡༡ པའི་ཚོགས་འདུ་ཐེངས་ ༣ པའི་ཐོག་བོད་རང་སྐྱོང་ལྗོངས་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་མཚོན་ཟེར་བའི་ས་ཁུལ་གསར་གཏོད་བྱ་རྒྱུ་གཏན་འབེབས་བྱས་ཏེ་འདི་ལོ་ཕྱི་ཟླ་ ༥ ཚེས་ ༡ ནས་དངོས་སུ་ལག་བསྟར་འགོ་འཛུགས་བྱས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎