རྒྱ་ནག་གཞུང་ནས་བོད་ནང་གི་བོད་ཕྲུག་ཚོ་བཅའ་སྡོད་སློབ་གྲྭར་བཅུག་པའི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་སྙན་ཐོ།

2023.12.20
རྒྱ་ནག་གཞུང་ནས་བོད་ནང་གི་བོད་ཕྲུག་ཚོ་བཅའ་སྡོད་སློབ་གྲྭར་བཅུག་པའི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་སྙན་ཐོ།
ཨེ་ཨེཕ་པི།

ཡོ་རོབ་གྲོས་ཚོགས་ཀྱིས་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་གི་འབྲེལ་ལམ་གྱི་ཐོག་གི་སྙན་ཐོ་གསར་པ་བཏོན་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཅུག་པའི་སྲིད་ཇུས་འཕྲལ་དུ་མཚམས་འཇོག་བྱ་དགོས་པ་དང་། རྒྱ་ནག་གཞུང་གིས་སྤེལ་བའི་ཆོས་ལུགས་ཐོག་ལ་སྔར་བས་དམ་དྲག་བྱ་རྒྱུའི་ཆེད་དུ་དམིགས་པའི་བཀོད་ཁྱབ་ཨང་༡༩  ཟེར་བའི་བསྒྲགས་གཏམ་ལ་སྐྱོན་བརྗོད་གནང་ཡོད་པ་རེད་འདུག
དེ་ཡང་ Brussels བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ཕྱི་ཟླ་༡༢ པའི་ཚེས་༢༠ རེས་གཟའ་ལྷག་པའི་ཉིན་གནས་ཚུལ་སྤེལ་བའི་ནང་། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་རྒྱ་ནག་གི་འབྲེལ་ལམ་གྱི་ཐོག་ལ་ཡོ་རོབ་གྲོས་ཚོགས་ཀྱིས་བཏོན་པའི་སྙན་ཐོ་གསར་པའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཤེས་ཡོན་དང་། ཆོས་ལུགས།  རིག་གཞུང་དང་སྐད་ཡིག་གི་ཐོབ་ཐང་རྣམས་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་དང་། བོད་ཀྱི་རིག་གཞུང་དང་ངོ་བོ་རྩ་མེད་བཟོ་རྒྱུའི་སྲིད་ཇུས་སོགས་གསལ་སྟོན་གནང་སྟེ། རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་ཇུས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།

ད་དུང་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་ཕྲུག་རྣམས་དང་སྔོན་འགྲོའི་སློབ་གྲྭའི་སློབ་མ་རྣམས་བཅའ་སྡོད་སློབ་གྲྭར་བཅུག་པའི་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་གནང་ཡོད་ལ་བོད་ནང་གི་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཅུག་པའི་སྲིད་ཇུས་བཀོད་སྒྲིག་བྱེད་མཁན་དང་སྲིད་ཇུས་དེ་ལག་བསྟར་བྱེད་མཁན་གྱི་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་རྣམས་ལ་ཉེས་ཆད་གཏོང་དགོས་པའི་འབོད་སྐུལ་ཡང་གནང་འདུག
ད་དུང་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་དམ་དྲག་བྱ་རྒྱུའི་ཆེད་དུ་དམིགས་པའི་བཀོད་ཁྱབ་ཨང་༡༩ ཟེར་བའི་བསྒྲགས་གཏམ་སྤེལ་བ་དེ་ནི། འདི་ལོའི་ཕྱི་ཟླ་དགུ་པའི་ཚེས་༡ ནས་དངོས་སུ་ལག་བསྟར་བྱས་པ་དེའི་དམིགས་ཡུལ་ནི། བོད་ནང་དང་རྒྱ་ནག་ནག་གི་ས་ཁུལ་གཞན་ཁག་ཏུ་ཆོས་ལུགས་ཀྱི་རང་དབང་ལ་སྔར་བས་དམ་དྲག་བྱ་རྒྱུའི་ཆེད་དུ་ཡིན་པའི་སྐྱོན་བརྗོད་གནང་ཡོད་པ་མ་ཟད། ཡོ་རོབ་གྲོས་ཚོགས་ནས། རྒྱ་ནག་གཞུང་ལ། ཆོས་དད་རང་དབང་སོགས་ལ་བརྩི་བཀུར་དང་འགན་ལེན་སྐྲུན་དགོས་པ་དང་། སོ་ལྟ་བྱེད་པ་དང་དྲག་རྩུབ་ལག་བསྟར་བྱེད་པ། བཙོན་འཇུག་དོ་དམ་བྱེད་པའི་བྱ་སྤྱོད་རིགས་མཚམས་འཇོག་བྱ་དགོས་པ་དང་ཆོས་ལུགས་ཀྱི་དབུ་ཁྲིད་དང་མང་ཚོགས་ལ་འཇིགས་སྐུལ་བྱེད་པའི་བྱ་སྤྱོད་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་གནང་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎