པེ་ཅིན་ནས་རྒྱ་ནག་དང་གྲོས་མོལ་སྐབས་བོད་དོན་གླེང་སློང་གནང་རོཊ།


2016.07.08
ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་Thomas Mannམཆོག། ༢༠༡༦།༦ ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་Thomas Mannམཆོག། ༢༠༡༦།༦
དྲ་བཤུས།/FB

ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་ནས་རིང་མིན་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་ཆེས་མཐོའི་གྲོས་མོལ་མཇལ་འཕྲད་སྐབས་བོད་ཀྱི་གནད་དོན་གླེང་སློང་གནང་དགོས་པའི་སྐོར་སྐུལ་མ་གནང་འདུག
དེ་ཡང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་དང་རྒྱ་ནག་དབར་ཆེས་མཐོའི་གྲོས་མོལ་མཇལ་འཕྲད་ཐེངས་༡༨པ་དེ། ཕྱི་ཟླ་༧་པའི་ཚེས་༡༢་ནས་༡༣་བར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་གནང་གཏན་འཁེལ་ཡོད་པ་རེད། དེ་རིང་ཚེས་༨་རེས་གཟའ་པ་སངས་ཉིན། ཡོ་རོབ་གྲོས་ཚོགས་ཀྱི་ཇར་མན་འཐུས་མི་དང་། ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་Thomas Mann་མཆོག་གིས། ཡོ་རོབ་གྲོས་ཚོགས་ཀྱི་དབུ་འཁྲིད་རྣམས་ལ་ཕྱག་བྲིས་ཞིག་ཕུལ་ནས། སྔ་ལོ་Belgium་རྒྱལ་ས་Brussels་རུ་རྒྱ་ནག་དང་ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་ཆེས་མཐོའི་གྲོས་མོལ་མཇལ་འཛོམས་སྐབས། བོད་ཀྱི་གནད་དོན་གླེང་སློང་གནང་པར་ཐུགས་རྗེ་ཞུས་གནང་པ་དང་སྦྲགས། རིང་མིན་མཇལ་འཕྲད་ཐེངས་༡༨་པའི་ཐོག་སླར་ཡང་བོད་དོན་ངེས་པར་དུ་གླེང་སློང་གནང་དགོས་པའི་རེ་འདུན་ཞུས་འདུག
དམིགས་ཀར་སྐུ་ཞབས་Thomas Mann་མཆོག་གིས། ཡོ་རོབ་མཉམ་སྦྲེལ་སྒྲིག་འཛུགས་ཀྱི་སྐུ་ཚབ་རྣམ་ནས། རྒྱ་ནག་གི་འབྲེལ་ཡོད་སྐུ་ཚབ་ལྷན་དང་གྲོས་མོལ་མཇལ་འཛོམས་སྐབས་བོད་སྐོར་གནད་དོན་གཉིས་ཀྱི་ཆ་ནས་གློང་སློང་གནང་དགོས་པ་གསུངས་འདུག་ལ། དེ་ཡང་རྒྱ་ནག་གཞུང་ནས་བོད་མདོ་སྨད་ཨ་མཆོག་ས་ཁུལ་གྱི་གོང་སྔོན་ལྷ་རི་ཞེས་པའི་རྩ་ཆེའི་གནས་རིར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་འཚམས་འཇོག་སླད། ས་གནས་བོད་མི་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཁྲོད་གཞུང་ཕྱོགས་ནས་དྲག་གནོན་ལག་བསྟར་བྱེད་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་དགོས་པ་དང་། གཉིས་པ། རྒྱ་ནག་གཞུང་ནས་ཟི་ཁྲོན་ཞིང་ཆེན་ཁོངས་སུ་གཏོགས་པའི་གསེར་རྟ་བླ་རུང་སྒར་ནང་བསྟན་སློབ་གླིང་གི་མི་འབོར་༡༠༠༠༠་ལྷག་ཡོད་པ་དེ་༥༠༠༠་བར་ཉུང་དུ་གཏོང་རྒྱུ་མ་ཟད། སྡོད་ཁང་བརྒྱ་ཕྲག་མང་པོ་གཏོར་གཤིག་གཏོང་རྒྱུའི་བཀོད་ཁྱབ་བཏང་ཡོད་པ་དེ་ཕྱིར་འཐེན་བྱ་གལ་ཆེ་བའི་གནད་དོན་གླེང་སློང་དགོས་པ་གསུངས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎