ཡུ་རོབ་ནས་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་གསར་བསྐོ་གནང་།

ཡུ་རོབ་སྤྱི་མཐུན་ཚོགས་པས་སྐུ་ཞབས་Stavros Lambrindis མཆོག་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་གནང་འདུག དེ་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དམིགས་བསལ་སྐུ་ཚབ་ཟུར་དུ་བསྐོ་བཞག་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

2012.07.26

༄༅།    །ཁ་སང་ཕྱི་ཚེས་ ༢༥ ཉིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་དོན་དང་བདེ་འཇགས་སྲིད་བྱུས་ཀྱི་ཆེས་མཐོའི་སྐུ་ཚབ་ལྕམ་སྐུ་ཁེ་ཐེ་རིན་ཨེ་ཤི་ཊོན་ Catherine Ashton མཆོག་གིས་གྲོས་འགོ་བཏོན་པ་ལྟར། ཡུ་རོབ་སྤྱི་མཐུན་ཚོགས་པས་སྐུ་ཞབས་ ས་ཊབ་རོས་ལམ་བྷི་རི་ནི་དིས་  Stavros Lambrindis མཆོག་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་གནང་ཡོད་སྐོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག
ཡུ་རོབ་གྲོས་ཚོགས་དང་སྤྱི་མཐུན་ཚོགས་པའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པས་མ་ཟད་དེ་སྔའི་གྲོས་ཚོགས་ཚོགས་དུས་སྐབས་སུ་གླེང་སློང་མང་དག་ཅིག་ཀྱང་བྱུང་ཡོད་པ་བཅས་ལ་བརྟེན་ད་རེས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཐོག་ནས་བསྐོ་བཞག་གནང་བ་ཞིག་ཡིན་པ་དང་།    དེ་ནི་སྤྱི་མཐུན་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ཐོག་འཛིན་བཞིན་པའི་སྲིད་བྱུས་རྣམས་དངོས་སུ་ལག་བསྟར་བྱེད་རྒྱུར་ནུས་པ་ཆེ་ཙམ་ཐོན་ཐུབ་པ་དང་། དངོས་གསལ་དོད་རུ་གཏོང་རྒྱུར་ཕན་ཐོགས་ཡོང་རྒྱུའི་རེ་བ་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎