ཡོ་རོབ་ནས་རྒྱ་ནག་སྲིད་བློན་ལ་བོད་དོན་ཐད་ཀར་གླེང་འདུག

ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱ་ནག་གི་སྲིད་བློན་ལ། ང་ཚོས་དམིགས་བསལ་བོད་ནང་རང་དབང་ལ་དམ་དྲག་བྱེད་ཀྱི་ཡོད་པར་སེམས་འཚབ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད།

2012.09.21

༄༅།    །རྒྱ་ནག་གི་སྲིད་བློན་ཝན་འཇ་བྷའོ་ནས་ཡུ་རོབ་སྤྱི་མཐུན་ཚོགས་པའི་འབྲེལ་ཡོད་ཚོའི་ལྷན་དུ་ཚོང་འབྲེལ་གྱི་ལྷན་ཚོགས་ཐོག་མཉམ་ཞུགས་བྱས་ཡོད་པ་དང་། ཁ་སང་རེས་གཟའ་ཕུར་བུའི་ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སི་ནང་། ཡུ་རོབ་སྤྱི་མཐུན་ལྷན་ཁང་གི་ཚོགས་གཙོ་ Herman Van Rompuyམཆོག་དང་། ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཚོགས་ཀྱི་འགན་འཛིན་སྐུ་ཞབས་ Jose Manuel Barroso རྣམ་གཉིས་ནས་གསར་འགོད་སྤྱི་བསྒྲགས་ཤིག་སྤེལ་ཡོད་པ་རེད།    དེའི་ནང་སྲིད་བློན་ཝན་འཇ་བྷའོ་དང་མཇལ་འཕྲད་སྐབས། སྤྱིར་བཏང་རྒྱ་ནག་ནང་དཔལ་འབྱོར་གྱི་གནས་སྟངས་ཐོག་ནས་མི་མང་ས་ཡ་མང་པོའི་འཚོ་བའི་དཀའ་ངལ་སེལ་ཐུབ་པ་བྱུང་བ་དེར་ངོས་ལེན་ཞུ་ཡི་ཡོད། ཡིན་ནའང་འཛམ་གླིང་ནང་གི་རྒྱལ་ཁབ་གཞན་དང་འདྲ་མཚུངས་རྒྱ་ནག་ནང་དུའང་གཞི་རྩའི་རང་དབང་ལ་གུས་བརྩི་ཞུ་དགོས་རྒྱུ་གལ་ཆེན་པོ་ཡིན་པར་ཡང་ངོས་འཛིན་བྱེད་ཀྱི་ཡོད། དེ་འདྲ་ཡིན་དུས་ང་ཚོས་དམིགས་བསལ་བོད་ནང་རང་དབང་ལ་དམ་དྲག་བྱེད་ཀྱི་ཡོད་པར་སེམས་འཚབ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད།    
གང་ལྟར་ཡུ་རོབ་སྤྱི་མཐུན་ཚོགས་པའི་འབྲེལ་ཡོད་དཔོན་རིགས་རྣམ་གཉིས་ནས་རྒྱ་ནག་གི་སྲིད་བློན་ཝན་འཇ་བྷའོ་མཆོག་ལ་སྤྱི་མཐུན་ཚོགས་པའི་ངོས་ནས་རྒྱ་ནག་མཉམ་འབྲེལ་བ་བྱེད་རྒྱུར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གལ་འགངས་ཆེན་པོ་བརྩི་བཞིན་ཡོད་པའི་ཐོག་བརྡ་ལན་གསལ་པོ་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎