སྐུ་ཚབ་བོད་ནང་ཕེབས་བཅུག་དགོས་པའི་དགོས་འདུན།

ཡུ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་ལ་བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་སླད། སྐུ་ཚབ་ཚོགས་པ་ཞིག་བོད་ནང་ཕེབས་བཅུག་དགོས་པའི་དགོས་འདུན་བཏོན་གནང་ཡོད་འདུག

2013.01.24

༄༅།    །ཉེ་ཆར་ཡུ་རོབ་ཁུལ་ཡོད་པའི་རྒྱ་ནག་གཞུང་ཚབ་ཆེན་མོ་བ་ཝུ་ ཧེ་ལོང་གིས། ཡུ་རོབ་སྤྱི་མཐུན་ཚོགས་པའི་ཐོག་ནས་བོད་ནང་བོད་མི་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་ལ་སྐྱོན་བརྗོད་གནང་གི་ཡོད་པ་དེར་གདོང་ལེན་ཆེད།    ཡུ་རོབ་ཁུལ་ནས་མི་མང་ཙམ་དངོས་ཡོད་གནས་སྟངས་རྟོག་ཞིབ་སླད་བོད་ནང་བསྐྱོད་དགོས་ལུགས་གསར་ལས་ཁང་ཞིག་གི་བཅར་འདྲིར་དང་ལན་གནང་ཡོད་སྟབས་དེའི་ལན་དུ། དབྱིན་ཡུལ་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་བགྲེས་པ་སྐུ་ཞབས་    ཨེདྲ་ཝདྲ་ མེཀ་མི་ལིན་ སོ་ཀོདྲ་མཆོག་གིས། བོད་ནང་དངོས་ཡོད་གནས་སྟངས་རྟོག་ཞིབ་བྱེད་ཆོག་གི་ཡོད་པ་དངོས་འབྲེལ་ཡིན་ན།    ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་བོད་ནང་འགྲོ་བསྐྱོད་ཀྱི་ཆོག་མཆན་སྤྲོད་དགོས་པ་དང་། དེ་ཡང་རྒྱུན་སྲོལ་ལྟར་མ་ཡིན་པར་རང་དབང་གི་ཐོག་ནས་ཞིབ་འཇུག་བྱེད་ཆོག་པ་ཡིན་ན།    བོད་ནང་གི་བོད་མི་ཚོར་རང་དབང་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་རེད་ཅེས་གསུངས་འདུག ཡང་ཁོང་གིས་མུ་མཐུད་ནས། ང་ཚོར་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་ནས་བོད་ནང་མུ་མཐུད་ནས་རིག་གཞུང་དང་སྐད་ཡིག་རྩ་མེད་བཟོ་བའི་ལས་འགུལ་སྤེལ་གྱི་ཡོད་སྐོར་གསུངས་པ་དང་ཆབས་ཅིག    ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་བོད་མིའི་གནད་དོན་ཐོག་རྟོག་ཞིབ་བྱེད་མཁན་དམིགས་བསལ་སྐུ་ཚབ་ཞིག་བསྐོ་གཞག་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།    གང་ལྟར་ཁོང་གིས་རྒྱ་ནག་གཞུང་ནས་བོད་ནང་བོད་མི་ཚོའི་དངོས་ཡོད་དཀའ་ངལ་ག་རེ་ཡིན་མིན་ཞིབ་འཇུག་དང་འབྲེལ།    ཆོས་དང་རིག་གཞུང་། སྐད་ཡིག སྨྲ་བརྗོད་རང་དབང་སོགས་ལ་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་བསྐྱར་ནན་གནང་ཡོད་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎