ཕྱི་༢༠༡༢ལོའི་ཨོ་ལིམ་པིག་སྐབས་བོད་མི་ཞུགས་རྒྱུའི་རྒྱབ་སྐྱོར།
2008.08.25
༄༅༎ཨོ་སི་ཀྲོ་ལི་ཡའི་ཨོ་ལིམ་པིག་རྩེད་འགྲན་པ་ ཀ་ཌེལ་ ཨེ་ལྦན་སི་ ཡིས་ ཕྱི་ལོ་༢༠༡༢ལོའི་རྩེད་འགྲན་སྐབས་ བཙན་བྱོལ་བོད་མིའི་རྩེད་འགྲན་རུ་ཁག་འཛུལ་ཞུགས་བྱེད་རྒྱུར་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་འདུག།
རེས་གཟའ་པ་སངས་ཉིན་ སུད་ཛར་ལེན་ཌིའི་གྲོང་ཁྱེར་ ཛུ་རིཀ་ ནང་བོད་མིའི་རྩེད་འགྲན་རུ་ཁག་དང་ཐུག་འཕྲད་ཀྱིས་ འདི་ལོའི་ཨོ་ལིམ་པིག་རྩེད་འགྲན་ནང་བོད་མིའི་རྩེད་འགྲན་པ་འཛུལ་ཞུགས་ཐུབ་མེད་ཀྱང་མ་འོངས་པར་གལ་སྲིད་ཕྱི་མི་རྩེད་འགྲན་པ་ཞིག་གིས་རྒྱབ་སྐྱོར་དགོས་གལ་བྱུང་ན་ ཁོང་རང་དང་འབྲེལ་བ་གནང་ན་ངེས་པར་དུ་མཐུན་གྱུར་གནང་རྒྱུའི་ཁས་ལེན་གནང་འདུག བོད་མིའི་རྩེད་འགྲན་རུ་ཁག་སྐོར་གནས་ཚུལ་འབྲི་ཀློག་ཙམ་མ་ཡིན་པར་དངོས་སུ་ཐུག་ཐུབ་པ་དེར་དགའ་ཚོར་ཆེན་པོ་བྱུང་ཡོད་ལུགས་གསུངས་གནང་འདུག སྔ་ལོ་ཕྱི་ཟླ་བདུན་པའི་ནང་བཙུགས་པའི་བོད་མིའི་རྩེད་འགྲན་རུ་ཁག་ནང་ མི་ཊར་བརྒྱ་ཐམ་པ་དང་ མི་ཊར་ཁྲི་གཅིག་ ཐག་རིང་རྒྱུག་རྩལ་དང་ ལྕགས་རྡོ་འཕེན་མཁན་དང་ ཀྲེ་བོལ་ཀྲེ་ནི་སི་ རྩེད་འགྲན་གཅིག་དང་ རྐང་འཁོར་བ་གཅིག་བཅས་ཡོད་པ་དེ་དག་ཚང་མ་བོད་མི་སྐྱབས་བཅོལ་བ་ཡིན་པ་རེད་ རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱིས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་བརྟེན་བོད་མིའི་རྩེད་འགྲན་རུ་ཁག་མཉམ་ཞུགས་བྱེད་རྒྱུའི་སྙན་ཞུ་ཕྱིར་སློག་གནང་བ་རེད་ ཀ་ཌེལ་ཨེ་ལྦན་སེ་ཡིས་བོད་མིའི་རྩེད་འགྲན་རུ་ཁག་དེ་བཞིན་ཆབ་སྲིད་དང་འབྲེལ་བ་ཆེན་པོ་ཡོད་ཀྱང་ཕྱི་ལོ་ ༢༠༡༢ལོའི་ཨོ་ལིམ་པིག་རྩེད་འགྲན་ནང་འཛུལ་ཞུགས་བྱེད་རྒྱུར་ཆོས་སེམས་བརྟན་པོ་ཡོད་ལུགས་གསུངས་གནང་འདུག ཁོང་ཟ་འཚོ་གཉིས་ཀྱིས་བོད་རང་དབང་གི་ལས་འགུལ་ལ་རྒྱབ་སྐྱོར་གནང་གི་ཡོད་པ་མ་ཟད་ བོད་པའི་ཕྲུ་གུ་ཞིག་གི་སྦྱིན་བདག་གནང་གི་ཡོད་འདུག།