རྒྱ་གར་གྱི་ཏར་འཕྲིན་བློན་ཆེན་ཟུར་པར་ལྐོག་ཟའི་སྐྱོན་འཛུགས།

རྒྱ་གར་གྱི་ཏར་འཕྲིན་བློན་ཆེན་ཟུར་པ་ཨེ་ར་ཇ་ཡི་ཐོག་ལྐོག་ཟའི་སྐྱོན་འཛུགས་ཕོག་པའི་གྱོད་གཞིའི་ཐོག་ཁྲིམས་བཤེར་འགོ་འཛུགས་བྱས་པ།

2011.11.12

༄༅༎རྒྱ་གར་གྱི་ཏར་འཕྲིན་བློན་ཆེན་ཟུར་པ་ཨེ་ར་ཇ་ཡི་ཐོག་ལྐོག་ཟའི་སྐྱོན་འཛུགས་ཕོག་པའི་གྱོད་གཞིའི་ཐོག་འདི་ཚེས་ ༡༡ ཉིན་རྒྱ་གར་གྱི་ཁྲིམས་ཁང་ཞིག་ནང་དངོས་སུ་ཁྲིམས་བཤེར་འགོ་འཛུགས་བྱས་འདུག 
དེ་ཡང་ཨེ་ར་ཇ་ཡིས་ཐོག་ཕོག་པའི་སྐྱོན་འཛུགས་དེའི་ནང༌། དེ་སྔ་ཁོང་གིས་ཏར་འཕྲིན་བློན་ཆེན་གྱི་མཛད་འགན་བཞེས་སྐབས་ཚོང་ལས་ཁེ་གཉེར་ཚན་པ་ཁག་ཅིག་གིས་ལག་ནས་དངུལ་འབོར་ཧ་ཅང་ཕོན་ཆེན་པོའི་ལྐོག་བརྔན་བླངས་ཏེ། ཚོང་ལས་ཚན་པ་དེ་ཚོར་རིན་གོང་ཤིན་ཏུ་ཆུང་ངུའི་ཐོག སྐབས་དེར་གསར་དུ་ཐོན་པའི་ལག་འཁྱེར་ཁ་དཔར་ཚོང་འགྲེམ་བྱ་རྒྱུའི་འགན་གཙང་སྤྲད་པའི་རྐྱེན་གྱིས། རྒྱ་གར་གཞུང་ལ་ཨ་རིའི་ཌོ་ལར་ཐེར་འབུམ་བཞི་བཅུ་ཙམ་གི་གྱོང་གུན་ཕོག་པའི་རྙོག་གླེང་ཞིག་ཐོན་ཏེ། འདི་ལོའི་ཕྱི་ཟླ་གཉིས་པའི་ནང་ཨེ་ར་ཇ་འཛིན་བཟུང་གིས་ད་བར་བཙོན་ཁང་ནང་སྡོད་དགོས་བྱུང་བའི་རྗེས། འདི་ཚེས་ ༡༡ ཉིན་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཁྲིམས་ཁང་ཞིག་ཏུ་ཁོ་པའི་ཐོག་ཕོག་པའི་སྐྱོན་འཛུགས་ཀྱི་གྱོད་གཞིའི་ཐོག་ཁྲིམས་བཤེར་འགོ་འཛུགས་བྱས་པའི་སྐབས། ཁྲིམས་ཁང་ཆུང་དྲགས་པའི་སྒང༌།  ཁྲིམས་རྩོད་པ་དང༌། གསར་འགོད་པ། དེ་བཞིན་ཟུར་ཉན་པ་སོགས་མི་མང་ཤིན་ཏུ་མང་པོ་སླེབས་ཏེ། ཁྲིམས་ཁང་ནང་ཟིང་སློང་ཆེན་པོ་བྱུང་འདུག
ཨེ་ར་ཇ་ཞེས་པའི་བློན་ཆེན་ཟུར་པ་དེ་ནི། རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དྲུ་ནང་ཡོད་པའི་ཌི་ཨེམ་ཀེ་ཞེས་པའི་ས་གནས་ཆབ་སྲིད་ཚོགས་པའི་ཚོགས་མི་ཞིག་ཡིན་པ་དང༌། ཁོང་གིས་ཕྱི་ལོ་ ༢༠༠༧ ནས་ ༢༠༡༠ བར་་རྒྱ་གར་གྱི་ཏར་འཕྲིན་བློན་ཆེན་གྱི་མཛད་འགན་བཞེས་ཡོད་པའི་གནས་ཚུལ་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎