བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན།

བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་དབུ་འབྱེད་གནང་འདུག།

2011.05.03

༄༅༎བོད་ཀྱི་ལོ་རྒྱུས་ཀྱི་འཁྱུགས་བལྟ་ཞེས་པའི་དཔར་དང་དངོས་པོའི་འགྲེམས་སྟོན་འདི་ ཟླ་བ་གཅིག་གི་དུས་ཡུན་རིང་གནང་རྒྱུ་དང་ དེིའི་ནང་གཡུང་དྲུང་བོན་ནས་ བོད་ཀྱི་བཙན་པོའི་དུས་རབས་དང་ བོད་ལ་ནང་ཆོས་དར་ཚུལ་ བོད་ཀྱི་ཡི་གེ་ ༧རྒྱལ་བ་རིམ་བྱོན་གྱི་མཛད་རྣམ་ རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པ་སོགས་གོ་རིམ་ལྡན་པའི་ལོ་རྒྱུས་ཀྱི་སྙིང་པོ་ཁག་ཚུད་ཡོད་འདུག།

ལྷག་པར་དུ་བོད་ཀྱི་ལོ་རྒྱུས་འགྲེམས་སྟོན་དེའི་ནང་ ཧ་ཅང་དཀོན་པའི་དཔར་རིས་དང་ ལོ་རྒྱུས་ཀྱི་དངོས་པོ་ གཞན་ཡང་བོད་རང་བཙན་སྐབས་ བོད་གཞུང་གིས་ཡུལ་གྲུ་གཞན་དང་འདྲ་མཉམ་གྱི་ཐོག་ནས་བཞག་པའི་ཆིངས་ཡིག་སོགས་ཀྱང་ཡོད་པ་རེད།

འགྲེམས་སྟོན་འདི་བཙན་བྱོལ་བོད་གཞུང་ཕྱི་འབྲེལ་བཀའ་བློན་ སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ནས་དབུ་འབྱེད་གནང་ཞིང་ ཁོང་གིས་དབུ་འབྱེད་ཀྱི་གསུང་བཤད་སྐབས་ གཞི་རྐང་ང་ཚོ་བཙན་བྱོལ་བོད་གཞུང་གི་ངོས་ནས་ དབུ་མའི་ལམ་གྱི་ཐོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་འབྱུང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཀྱང་ བོད་ཀྱི་དངོས་ཡོད་ཀྱི་ལོ་རྒྱུས་ངེས་པར་དུ་ཤེས་དགོས་པར་མ་ཟད་ དངོས་ཡོད་བོད་ཀྱི་ལོ་རྒྱུས་དེའི་ངོ་བོ་བསྒྱུར་བའམ་ རྫུན་བཟོ་རྩ་བ་ནས་བྱེད་ཐབས་མེད་པ་ཞིག་རེད་ཅེས་གསུངས་འདུག།

ད་དུང་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་འགྲེམས་སྟོན་འདི་བརྒྱུད་ རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་གོང་ བོད་ནི་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་ལོ་རྒྱུས་ཀྱི་དངོས་ར་འཕྲོད་པ་སྟོན་ཐུབ་རྒྱུ་མ་ཟད་ འགྲེམས་སྟོན་འདི་ལྟ་བུས་བོད་ཀྱི་ལོ་རྒྱུས་ལ་འཁྱོགས་བཤད་བྱེད་བཞིན་པར་ལན་འདེབས་སྤྲོད་པ་ཡང་མཚོན་ཐུབ་རྒྱུ་ཡིན་པ་གསུངས་འདུག།

འགྲེམས་སྟོན་འདི་རྩོམ་པ་པོ་ཁ་ལོདྲ་ཨར་པིs་(Claude Arpi)ཕྱོགས་བསྒྲིགས་དང་ བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་ལས་ཁུངས་ནས་གོ་བསྒྲིགས་་མཐུན་འགྱུར་གནང་པ་ཞིག་ཡིན་ཞིང་ ལས་ཁུངས་དེའི་འཛིན་སྐྱོང་དྲུང་ཆེ་ ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ཀྱིས་གསུངས་ན་ འགྲེམ་སྟོན་འདི་བོད་མིའི་གཞིས་ཆགས་ཁག་དང་ བོད་པའི་སློབ་གྲྭ་ཁག་གི་ནང་ཕྱོགས་བསྐྱོད་གནང་རྒྱུ་ཡིན་པ་གསུངས་ཡོད་པ་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎