བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ཁག་ཅིག་གསར་བསྐོ།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཆེ་ཁག་ཁག་ཅིག་གི་ཆེས་མཐོའི་འགན་འཛིན་གསར་བསྐོར་བྱུང་བའི་གནས་ཚུལ།

2012.03.01

༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་འགན་འཛིན་ཁག་ཅིག་གསར་བསྐོ་གནང་ཡོད་པའི་གནས་ཚུལ་འདུག
བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་ད་རིང་གནས་ཚུལ་སྤེལ་བར་གཞིགས་ན། ད་རིང་ཕྱི་༣ཚེས་༡ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཆེ་ཁག་ནང་སྲིད་དང་། ཕྱི་དྲིལ་གཉིས་ཀྱི་དྲུང་ཆེ་གཉིས་གསར་དུ་བསྐོ་བཞག་གིས་དམ་འབུལ་གནང་ཡོད་འདུག དེ་ཡང་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་བྷ་ར་སིལ་གྱི་སྐུ་ཚབ་དོན་གཅོད་དུ་འཕོ་བསྒྱུར་ཕྱིན་པའི་ཚབ་ཏུ་བསོད་ནམས་སྟོབས་རྒྱལ་ལགས་ནང་སྲིད་དྲུང་ཆེར་བསྐོ་གཞག་གནང་ཡོད་ལྟར་ད་རིང་སྔ་ཐོག་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་སྤྲོད་དཔང་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ནས་དམ་འབུལ་གནང་ཡོད་འདུག དེ་དང་ཕྱོགས་མཚུངས་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཉེ་ཆར་ཆབ་སྲིད་ཉམས་ཞིབ་ཁང་གི་འགན་འཛིན་དུ་འཕོས་པའི་ཚབ་ཏུ་དྲུང་ཆེ་གསར་པ་བཀྲ་ཤིས་ལགས་རྟེན་འབྲེལ་མཛད་སྒོ་དང་སྦྲགས་དམ་བཅའ་འབུལ་བཞེས་གནང་ཡོད་འདུག ཡང་ཕྱི་ཟླ་༢་ཚེས་༢༨ཉིན་བཀྲ་ཤིས་རྒྱ་མཚོ་ལགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེར་བཀོད་ཁྱབ་གནང་བ་ལྟར་ཁྲིམས་ཞིབ་ཆེ་བ་ངག་དབང་འཕེལ་རྒྱལ་ལགས་མདུན་དམ་བཅའ་འབུལ་བཞེས་གནང་ཡོད་པ་བཅས་སྲི་ཞུའི་ལས་བྱེད་ཁག་ཅིག་གསར་དུ་བསྐོ་གཞག་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎