བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་འགོ་འཛིན་འཛིན་སྐྱོང་ཚོགས་འདུ།

བཙན་བྱོལ་བོད་གཞུང་ཀྱི་ས་གནས་འགོ་འཛིན་དང་འབྲེལ་མཐུད་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་བསྒྲིལ་ཟིན་སྐོར།

2012.06.19

༄༅༎༢༠༡༢ ལོའི་ཕྱི་ཟླ་༦ པའི་ཚེས་༡༧ ཉིན་བཙན་བྱོལ་བོད་གཞུང་ཀྱི་ས་གནས་འགོ་འཛིན་དང་འབྲེལ་མཐུད་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བརྒྱད་པ་མཇུག་བསྒྲིལ་ཟིན་པ་དང༌། སྐབས་དེར་བློན་ཆེན་ལས་ཁུངས་ཁག་གི་ས་གནས་ལས་དོན་སྐོར་ངོ་སྤྲོད་སྙིང་བསྡུས་དང་གྲོས་ཆོད་ཁག་ཅིག་བཞག་ཡོད་པའི་སྐོར་ཕྱི་ཚེས་༡༨ ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཤག

ཉིན་དེའི་སྔ་དྲོ་ཚོགས་ཆེན་མཇུག་སྒྲིལ་བའི་སྐབས། ནང་སྲིད་དྲུང་ཆེ་མཆོག་གིས་ངོ་སྤྲོད་གཏམ་ཤད་གནང་བ་དང༌། ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་མཆོག་ནས་ས་གནས་སོ་སོའི་ལས་དོན་དང་འབྲེལ་བའི་གཏམ་བཤད་གནང་བའི་རྗེས། ཚོགས་ཞུགས་བ་ཚོའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་རེད། དེ་རྗེས་བདེ་སྲུང་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ཀྱིས། རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་སྐོར་དང༌། སྐྱབས་བཅོལ་ལག་དེབ་དང་འབྲེལ་བའི་ལས་དོན་ས་གནས་སོ་སོའི་ཐོག་ནས་བྱེད་ཕྱོགས་ཐད་གསུང་བཤད་དང༌། ཚོགས་ཞུགས་པ་ཚོའི་དོགས་འདྲི་ཞུས་པ་ཁག་ལ་ལན་འདེབས་གནང་བ་དང༌། དེ་ནས་འབྲེལ་ཡོད་ཤིས་རིག་ལས་ཁུངས་དང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་སོ་སོའི་ཐོག་ནས། ཕྲུ་གུའི་ཤེས་ཡོན་སྐོར་ལ་གཏམ་བཤད་གནང་བ་སོགས་འབྲེལ་ཡོད་སྡེ་ཚན་སོ་སོའི་ལས་དོན་དང་འབྲེལ་བའི་གཏམ་བཤད་གནང་བ་རེད། དེ་ནས་འཕྲོད་བསྟེན་བཀའ་བློན་དང༌། དཔལ་འབྱོར་བཀའ་བློན་སོགས་འབྲེལ་ཡོད་སོ་སོའི་ཐོག་ནས་ས་གནས་ཁག་ནང་དུ་འཕྲོད་བསྟེན་དང་ན་ཚ་སྔོན་འགོག་སྐོར་བྱ་ཕྱོགས་སྐོར་དང༌། ལག་དེབ་ལྗང་ཁུ་གསར་པ་བཟོ་སྐྲུན་དང་བཟོ་བཅོས་རྒྱབ་ཕྱོགས། འགྲོ་སོང། དངུལ་རྩིས་བཏང་འཛིན་བྱེད་ཕྱོགས་སྐོར་གཏམ་བཤད་རིམ་པ་བཞིན་གནང་བ་དང༌། འདྲི་བ་ཁག་ལ་ལན་འདེབས་གནང་སྟེ། ཚོགས་ཆེན་མཇུག་བསྒྲིལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎