བོད་མདོ་སྨད་འབྲུག་ཆུའི་ཁུལ་དུ་ཆུ་ལོག་གི་གནོད་འཚེ།

བོད་མདོ་སྨད་འབྲུག་ཆུའི་ཡུལ་དུ་ཆུ་ལོག་བརྒྱབ་པར་བཙན་བྱོལ་བོད་གཞུང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་གསོ།

2010.08.09

༄༅༎བོད་མདོ་སྨད་འབྲུག་ཆུའི་ཡུལ་དུ་ཆུ་ལོག་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེན་ཕོག་པའི་ཡིད་སྐྱོའི་གནས་སྟངས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་གསོ་གནང་འདུག༎

ཕྱི་ཟླ་༨ཚེས་༨ཀྱི་སྔ་དྲོ་ཐོ་རེངས་་ཀན་སུའུ་ཞིང་ཆེན་ཁོངས་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་གློ་བུར་དུ་ཆུ་ལོག་ཚབས་ཆེན་བྱུང་སྟེ། ད་བར་མི་༡༢༧ཙམ་རྐྱེན་ལམ་དུ་ཕྱིན་པ་དང་༢༠༠༠ལྷག་གར་སོང་ཆ་མེད་དུ་གྱུར་པ། དུད་ཚང་༣༠༠ཡོད་པའི་གྲོང་སྡེ་རྨེག་མེད་དུ་འདེད་དེ་འབྲུག་ཆུའི་སྨད་རྒྱུད་ཡུལ་གྲུ་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ལའང་ཉེན་ཁ་ཚབས་ཆེན་འཕྲད་བཞིན་ པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། ད་ཐེངས་ཆུ་ལོག་གི་འཇིག་པའི་ཁྲོད་ནས་རྐྱེན་ལམ་དུ་ཕྱིན་པའམ། རྨས་སྐྱོན་ཕོག་པའི་བོད་རིགས་སྤུན་ཟླ་གཙོས་མི་རིགས་ཁག་གི་མི་མང་ལ་ཐུགས་གསོའི་འཚམས་འདྲི་ཞུས་ཡོད་པ་བཙན་བྱོལ་བོད་གཞུང་གི་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།  རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པའི་རྗེས་སུ་ནགས་ཚལ་གང་བྱུང་གཅོད་འབྲེལ་བྱས་པའི་དབང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཤིན་ཏུ་ཚབས་ཆེན་ཐེབས་ཡོད་པ་མ་ཟད། ཤིང་ནགས་བཅད་ཟིན་མཚམས་གཙོ་བོ་གཏེར་ཁ་སྔོག་འདོན་དང་། ཆུ་གློག་གསར་རྒྱག་བཅས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་འཆར་གཞི་གང་ཡང་མེད་པའི་ལས་གྲྭ་འབོར་ཆེན་སྤེལ་བཞིན་པ་སོགས་ནི་ད་ཐེངས་ཆུ་ལོག་ཚབས་ཆེན་ཡོང་བའི་རྐྱེན་རྩ་གཙོ་བོ་ཡིན་ལུགས་སྐྱོན་བརྗོད་དང་སྦྲགས་ རྒྱ་ནག་གིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་དང་། གསང་བ་ཕྱིར་བསྒྲགས་སོགས་ཀྱི་སྲིད་བྱུས་འོག་གྱོང་གུན་ཕོག་པའི་མང་ཚོགས་ལ་དགོས་མེད་ཀྱི་བརྡབ་གསིག་འཕར་མ་སོགས་མི་ཡོང་བའི་རེ་བ་དང་བཅས་གོང་ཞུས་གསལ་བསྒྲགས་ནང་འབོད་སྐུལ་ལང་ཞུས་གནང་འདུག། བཙན་བྱོལ་བོད་གཞུང་བཀའ་ཤག་ནས་ཀྱང་བླ་བྲང་བཀྲིས་དཀྱིལ་ཁུལ་ཆུ་ལོག་གི་རྐྱེན་ནང་ལྷུངས་པའི་བོད་མི་ཚོར་སེམས་གསོ་དང་ཕྱོགས་མཚུངས་རྐྱེན་འདས་སུ་ཕྱིན་རྣམས་ཀྱི་ཆེད་འདི་ཚེས་བཅུའི་ཉིན་དམིགས་བསལ་བསྔོ་བ་སྨོན་ལམ་གསོག་སྒྲུབ་གནང་རྒྱུའི་གསལ་བསྒྲགས་སྤེལ་ཡོད་འདུག༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎