བོད་གཞུང་སྤྱི་འཐུས་ལྷན་ཚོགས་ཀྱི་དམིགས་བསལ་ཚོགས་ཆུང་།
2011.03.21
༄༅༎བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་བཀའ་བློན་ཁྲི་པར་གནང་རྒྱུའི་འཆར་གཞིར་དམིགས་བསལ་གྱི་ཚོགས་ཆུང་བཀོད་སྒྲིག་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག
བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་གོང་ཞུས་ཀྱི་ཚོགས་ཆུང་དེས་གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་དེ་བཀའ་བློན་ཁྲི་པར་གནང་རྒྱུའི་དུས་ཚིགས་གཏན་འཁེལ་གནང་རྒྱུ་ཡིན་སྐོར་གསུང་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་དེང་སྐབས་བཞུགས་སྒར་དུ་ཚོགས་བཞིན་ཡོད་པ་དང་ལྷན་ཚོགས་འདིའི་ཐོག་རིང་མིན་༸གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་དེ་བཀའ་བློན་ཁྲི་པར་གནང་རྒྱུར་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ནང་བསྒྱུར་བཅོས་སོགས་ཀྱི་ཐད་གྲོས་བསྡུར་གནང་རྒྱུ་ཡིན་པ་རེད་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཀྱི་སྐུ་དབང་དེ་མུ་མཐུད་བཞེས་གནང་རྒྱུ་ཡིན་པ་རེད་