རྒྱ་ནག་གཞུང་ཚབ་ཁང་མདུན་ངོ་རྒོལ་ལས་འགུལ།

བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ་གནང་བར་དེར་རྒྱབ་སྐྱོར་ཆེད་གྲོང་ཁྱེར་ནིའུ་ཡོག་གི་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་ངོ་རྒོལ།

2011.08.26

༄༅༎ཕྱི་ཟླ་གསུམ་པའི་ཚེས་༡༦ཉིན་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་ཕུན་ཚོགས་ལགས་དང༌། ཡང་ཕྱི་ཟླ་བརྒྱད་པའི་ཚེས་༡༥ ཉིན་ཁམས་རྟའུ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་གཉིས་ཀྱིས་རང་ལུས་མེ་བསྲེགས་བཏང་སྟེ། རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ་གནང་བར་དེར་རྒྱབ་སྐྱོར་ཆེད་དེ་རིང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་ནེའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས། གྲོང་ཁྱེར་ནེའུ་ཡོག་གི་རྒྱ་ནག་གཞུང་ཚབ་ལས་ཁང་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་རེད།

ད་དུང་ས་གནས་གཞོན་ནུ་ཚོགས་པས་གོ་སྐབས་དེ་བཟུང་སྟེ། དུས་རྒྱུན་དུ་རྒྱལ་བ་རིན་པོ་ཆེས། བོད་ཀྱི་གནད་དོན་དེ་ནི་བདེན་པའི་འཐབ་རྩོད་ཞིག་ཡིན་པ་དང༌། ཕྱིའི་མི་དམངས་ཚོས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དེ་ནི། བདེན་པར་རྒྱབ་སྐྱོར་དང་འགྲོ་བ་མིའི་རིན་ཐང་ལ་རྒྱབ་སྐྱོར་གནང་བ་རེད་ཅེས་རྟག་ཏུ་བཀའ་སློབ་ཕེབས་དོན་བཞིན།  

ཀིརྟི་དགོན་པའི་སྐུ་ཞབས་ཕུན་ཚོགས་ལགས་དང༌། ཁམས་རྟའུ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་གཉིས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་བཞིན་པའི་གནས་སྟངས་མི་བཟོད་པར་རང་ལུས་མེ་བསྲེག་བཏང་སྟེ། བོད་ནང་གི་བོད་མི་ཚོས་མྱོང་བཞིན་པའི་ཡ་ང་བའི་གནས་སྟངས་རྒྱལ་སྤྱིའི་དོ་སྣང་ཡོང་ཐབས་གནང་བ་དེར། རྒྱལ་སྤྱིས་བདེན་པར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་རེད།   ཁོང་ཚོས་ད་རེས་འགྲེམས་སྤེལ་གནང་བའི་གསར་འགོད་གསལ་བསྒྲགས་དེའི་ནང༌། དགོས་འདུན་དོན་ཚན་ཁག་ལྔ་བཏོན་ཡོད་ཅིང༌། དང་པོ། བོད་རང་བཙན་ཡིན་པ་ངོས་འཛིན་བྱ་དགོས་པ་དང༌། གཉིས་པ། བོད་ནང་རིག་གཞུང་རྩ་མེད་བཟོ་ཐབས་ཀྱི་བྱ་སྤྱོད་མཚམས་འཇོག་བྱས་ཏེ། བོད་མིའི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང༌། སྐད་ཡིག་སྲུང་སྐྱོབ་བྱ་དགོས་པ། གསུམ་པ། བོད་ཀྱི་རྔ་པ་ཀིརྟི་དགོན་དང༌ཁམས་རྟའུ་དགོན་དུ་རྒྱ་མིའི་དྲག་ཆས་དམག་དཔུང་འགྲེམས་འཇོག་བྱས་པ་ཕྱིར་འཐེན་བྱ་དགོས་པ་་དང༌། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་འཕྲལ་དུ་མཚམས་འཇོག་བྱ་དགོས་པ།བཞི་པ། ཆ་རྐྱེན་གང་ཡང་མ་བཏོན་པའི་ཐོག་ནས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་འགྲོལ་གཏོང་དགོས་པ། ལྔ་པ། བོད་ཀྱི་ཁམས་རྟའུ་ཁུལ་གྱི་གནས་སྟངས་རྟོག་ཞིབ་ཏུ་རང་དབང་ཅན་གྱི་རྒྱལ་སྤྱིའི་གསར་འགོད་པ་འགྲོ་བསྐྱོད་བྱེད་དུ་བཅུག་དགོས་ཞེས་བཀོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎