རང་དབང་འཐབ་རྩོད་ཆེད་རྐྱེན་འདས་གྱུར་བའི་བོད་མིའི་དྲན་རྟེན།

བཙན་བྱོལ་བོད་མི་ཚོས་བོད་རང་དབང་འཐབ་རྩོད་ནང་རྐྱེན་འདས་སུ་གྱུར་བ་བོད་མི་ཚོའི་དྲན་རྟེན་གྱི་ཆེད་དུ་རྡོ་རིང་ཞིག་གསར་འཛུགས་གནང་རྒྱུ།

2009.05.13

༄༅༎བཙན་བྱོལ་ནང་གི་བོད་མི་ཚོས་བོད་རང་དབང་འཐབ་རྩོད་ནང་རྐྱེན་འདས་སུ་གྱུར་བ་བོད་མི་ཚོའི་དྲན་རྟེན་གྱི་ཆེད་དུ་རྡོ་རིང་ཞིག་གསར་འཛུགས་གནང་གི་ཡོད་པ་རེད།

ཉེ་ཆར་ཕྱི་ཟླ་གསུམ་པའི་ནང་སྐོངས་འཚོགས་གནང་བའི་བོད་མི་མང་སྤྱི་འཐུས་ཚོགས་ཐེངས་བདུན་པའི་ཐོག་གྲོས་མཐུན་བྱུང་བ་བཞིན་བཙན་བྱོལ་བོད་མི་ཚོས་བོད་ནང་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཁག་ནང་རྐྱེན་འདས་སུ་གྱུར་བའི་བོད་མི་ཚོའི་དྲང་བདེན་གྱི་འཐབ་རྩོད་དང་སྙིང་སྟོབས་སོགས་ལ་རྗེས་སུ་ཡི་རང་དང་གདུང་སེམས་མཉམ་སྐྱེད་བཅས་ཀྱི་ཐོག་ནས་རྐྱེན་འདས་སུ་གྱུར་བའི་བོད་མི་ཚོའི་དྲན་རྟེན་གྱི་ཆེད་དུ་རྡོ་རིང་ཞིག་གསར་འཛུགས་གནང་རྒྱུའི་དངོས་སུ་ཐག་གཅོད་བྱུང་ཡོད་པ་རེད། དྲན་རྟེན་གྱི་རྡོ་རིང་དེ་གསར་བཞེངས་གནང་རྒྱུའི་ཆེད་དུ་རྒྱ་གར་དང་བལ་ཡུལ།འབྲུལ་ཡུལ་བཅས་པའི་ནང་གཏན་ཞུགས་གནང་མཁན་བོད་མི་ཚོས་རྒྱ་གར་གྱི་ཤོག་སྒོར་གསུམ་རེ་ཞལ་འདེབས་བསྡུ་རུབ་གནང་བ་དང་དེ་བཞིན་ཨ་མི་རི་ཀ་ལ་སོགས་པའི་ཕྱིའི་རྒྱལ་ཁབ་ཁག་ནས་ཨ་སྒོར་རེ་བསྡུ་རུབ་གནང་ཡོད་པ་རེད། དྲན་རྟེན་གྱི་རྡོ་རིང་དེ་བཞེངས་ཡུལ་གྱི་ས་གནས་འོས་འཚམ་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་འདེམས་སྒྲུག་གནང་རྒྱུ་ཡིན་པ་རེད་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎