བཀའ་ཁྲི་དང་སྤྱི་འཐུས་ཀྱི་དོངས་གཞིའི་འོས་བསྡུ་གནང་ཡོད་པ།

ཕྱི་ཟླ་གསུམ་པའི་ཚེས་༢༠ཉིན་བཙན་བྱོལ་ནང་གི་བོད་མི་ཚོས་མ་འོངས་པའི་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་འོས་འདེམས་གནང་ཡོད་པ་རེད།

2011.03.20

༄༅༎དེ་རིང་ཕྱི་ཟླ་གསུམ་པའི་ཚེས་༢༠རེས་གཟའ་ཉི་མའི་ཉིན་བཙན་བྱོལ་ནང་གི་བོད་མི་ཚོས་མ་འོངས་པའི་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་འོས་འདེམས་བྱེད་བཞིན་ཡོད་པ་དང༌། མི་དམངས་ཀྱིས་ངོས་ནས་བོད་དོན་འཐབ་རྩོད་ཐོག་འགན་འཁུར་བྱེད་མཁན་གྱི་དབུ་ཁྲིད་ཅིག་འདེམས་དགོས་པ་འབད་བརྩོན་བྱེད་བཞིན་ཡོད་པའི་སྐོར་ལ་དེ་རིང་བཞུགས་སྒར་རྡ་རམ་ས་ལ་ནས་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

ཉེ་ཆར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དང་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་གཞི་གསལ་བཏོན་གནང་བ་མ་ཟད། བཙན་བྱོལ་བོད་མིའི་གྲོས་ཚོགས་ཚོགས་དུས་༡༡པའི་ཐོག་ལའང་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་དུ་ཕེབས་རྒྱུའི་གསུང་འཕྲིན་ཡང་ཕེབས་ཡོད་པར་བརྟེན། བོད་མི་དམངས་ཀྱི་འོས་འདེམས་བྱེད་པའི་བཀའ་བློན་ཁྲི་པ་དེ་ནི་བོད་དོན་འཐབ་རྩོད་གནང་མཁན་གྱི་ཧ་ཅང་གི་འགན་ཁྲི་ཆེན་པོ་ཞིག་ཡིན་པ་རེད། ད་རེས་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་མི་གསུམ་ཡོད་པ་ནི། སྔོན་འགྲོའི་འོས་བསྡུའི་ནང་འོས་ཤོག་གྲངས་ཀ་མང་ཤོས་ཐོབ་མཁན་བློ་བཟང་སེང་གེ་ལགས་ཡིན་པ་དང༌། དེ་ནས་ཨང་གཉིས་པ་དེ་སྐོུ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང༌། གསུམ་པ་དེ་སྐོུ་བཀྲིས་དབང་འདུས་ལགས་གསུམ་ཡིན་ཞིང༌། བོད་མི་འོས་འཕེན་བྱེད་མཁན་གྱི་ངོས་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་གཞི་དེ་ཡིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་བོད་མི་དམངས་ཀྱི་འོས་འདེམས་བྱེད་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་གནང་རྒྱུ་ཡིན་པ་དེ་ཡིས། ད་རེས་ཀྱི་བཀའ་བློན་ཁྲི་པའམ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་འོས་འདེམས་བྱ་རྒྱུར་བོད་མི་མི་རེ་ངོ་རེར་འགན་ཆེན་པོ་ཡོད་པ་བརྟེན་ནས། བསམ་བློ་དོ་ནན་བཏང་སྟེ། འདེམས་དགོས་པ་ངོས་འཛིན་བྱེད་པ་ཡིན། ད་དུང་དེ་རིང་བཀའ་བློན་ཁྲི་པའི་འོས་འདེམས་དང་མཉམ་དུ་བོད་མི་དམངས་ཀྱི་སྤྱི་འཐུས་༤༣འོས་འདེམས་བྱེད་ཀྱི་ཡོད་ཅིང༌། འོས་བསྡུའི་མཐའ་མའི་གྲུབ་འབྲས་ནི་ཕྱི་ཟླ་བཞི་པའི་ཚེས་༢༣ཉིན་གསལ་བསྒྲགས་གནང་གི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎