རྒྱ་གར་དུ་བཙན་བྱོལ་བོད་མིའི་ནང་གློ་ནད་སྔོན་འགོག་སྐོར།

འཛམ་གླིང་ནང་ནས་རྒྱ་གར་བཙན་བྱོལ་ནང་གི་བོད་མིའི་སྤྱི་ཚོགས་དེ་ནི་གློ་ནད་ཀྲི་སྦི་མང་ཤོས་གྲས་ཤིག་ཡིན་པ་གསུང་ཡོད་པ་རེད།

2012.04.06

༄༅༎རྒྱ་གར་བཙན་བྱོལ་ནང་གི་བོད་མིའི་ཁྲོད་གློ་ནད་ཀྲི་སྦི་ནད་གཞི་ནི་རྒྱ་གར་མི་དམངས་ལས་ལྡབ་གསུམ་གྱིས་མང་བ་ཡོད་པ་མ་ཟད། འཛམ་གླིང་ནང་ནས་རྒྱ་གར་བཙན་བྱོལ་ནང་གི་བོད་མིའི་སྤྱི་ཚོགས་དེ་ནི་གློ་ནད་ཀྲི་སྦི་མང་ཤོས་གྲས་ཤིག་ཡིན་པ་རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་གྱིས་གསུང་ཡོད་པ་རེད།
དེ་ཡང་རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་དང༌། རྒྱ་གར་རྒྱལ་ཡོངས་གློ་ནད་ཀྲི་སྦི་སྔོན་འགོག་ལས་དོན་འཆར་གཞི་དེའི་འགོ་ཁྲིད་སྨན་པ་ཨ་ཤོཀ་ཀུ་མའར་བཞུགས་སྒར་རྡ་རམ་ས་ལར་བཅར་ཏེ། རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་ཕོ་བྲང་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པའི་སྐབས། སྨན་པ་ཨ་ཤོཀ་ཀུ་མའར་གྱིས་༧གོང་ས་མཆོག་ལ་ཞུས་དོན་ནང༌། རྒྱ་གར་ནང་དུ་གློ་ནད་ཀྲི་སྦི་(TB)འགོས་ནད་དེ་ནི་རྒྱ་གར་རྒྱལ་ཡོངས་ནང་དུ་གློ་ནད་ཀྲི་སྦི་ན་མཁན་གྱི་སྤྱི་ཡོངས་ཀྱི་གྲངས་འབོར་ལས་བོད་པའི་སྤྱི་ཚོགས་ནང་དུ་ལྡབ་གསུམ་གྱི་མང་བ་ཡོད་པའི་སྐོར་དང༌། དེ་ནི་རྒྱ་གར་གྱི་མིའི་གྲངས་འབོར་འབུམ་རེ་རེའི་ནང་ནས་མི་༡༦༨ ཀྲི་སྦི་ནད་པ་ཡོང་གི་ཡོད་པ་དང༌། འོན་ཀྱང་རྒྱ་གར་གྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་མིའི་གྲངས་འབོར་འབུམ་རེ་རེའི་ནང་ཀྲི་སྦི་ནད་པ་༥༠༠ ཡོང་གི་ཡོད་པ་ནི་རྒྱ་གར་གྱི་ནད་པ་ལས་བོད་མིའི་ནང་མང་བ་ཡོང་གི་ཡོད་པའི་གནས་ཚུལ་ཞུས་ཡོད་པ་མ་ཟད། ད་རེས་རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་གྱིས་ཀྱང་བོད་མི་ཚོས་རྒྱ་གར་གྱི་གློ་ནད་ཀྲི་སྦི་སྔོན་འགོག་གི་ལས་དོན་འཆར་གཞི་དེའི་ནང་མཉམ་ཞུགས་བྱ་ཐབས་དང། སྨན་བཅོས་དུས་ཐོག་ཏུ་བྱ་རྒྱུ་སོགས་འགོས་ནད་དེ་བོད་པའི་སྤྱི་ཚོགས་ནང་ཉུང་དུ་གཏོང་ཐབས་ཀྱི་ལམ་སྟོན་གནང་སྐྱོང་ཡོང་བའི་སྐྱབས་འཇུག་ཞུས་ཡོད་པ་རེད། རྒྱ་གར་རྒྱལ་ཡོངས་ཀྲི་སྦི་སྔོན་འགོག་ལས་དོན་འཆར་གཞིའི་དཔོན་རིགས་ནས་གསུང་ན། ད་རེས་ཁོང་རྣམས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཏེ་བོད་པའི་སྤྱི་ཚོགས་ནང་གློ་ནད་ཀྲི་སྦི་གྱི་དཀའ་ངལ་སྙན་སེང་ཞུས་པའི་རྗེས། ༧གོང་ས་མཆོག་ནས། བོད་པོའི་སྤྱི་ཚོགས་ནང་གློ་ནད་ཀྲི་སྦི་སྔོན་འགོག་གི་ལས་དོན་སྤེལ་རྒྱུར་རྒྱ་གར་འཕྲོད་བསྟེན་བློན་ཆེན་ལ་ཕྱག་རོགས་གནང་རྒྱུའི་ཞལ་བཞེས་ཐོབ་པའི་སྐོར་གསུང་ཡོད་པ་རེད། བཞུགས་སྒར་རྡ་རམ་ས་ལའི་བདེ་ལེགས་སྨན་ཁང་གི་གློ་ནད་ཀྲི་སྦི་སྔོན་འགོག་ཐོག་ལ་ཕྱག་ལས་གནང་མཁན་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས། བོད་པའི་སྤྱི་ཚོགས་ནང་འགོས་ནད་དེ་་ཁྱབ་འཕེལ་འགྲོ་སྟངས་ནི། ཕྱི་ལོ་༡༩༦༠ རེ་གྲངས་ནས་བོད་ནས་བྲོས་བྲོལ་དུ་ཡོད་པའི་དགེ་འདུན་པའི་གསོལ་ཆས་ཡག་པོ་མ་བྱུང་བར་བརྟེན་ནས་ཁོང་རྣམས་པ་རིམ་པས་གློ་ནད་ཀྲི་སྦི་ན་བ་དང༌། དེ་ནས་གཞན་པར་འགོས་ཁྱབ་འགྲོ་བ་ཡིན་ཞིང༌། དགེ་འདུན་པ་དགུང་ལོ་ཆུང་བ་ཚོ་ཡང་གྲ་ཤག་ཕན་ཚུན་ཉེ་པོ་དང་ཡང་ན་གྲ་ཤག་གཅིག་ནང་མང་པོ་མཉམ་དུ་བཞུགས་པ་སོགས་ཀྱིས་དགེ་འདུན་གཅིག་ལ་འགོས་ནད་དེ་ཡོད་ན་གཞན་ལ་ཁ་རླུང་བརྒྱུད་ལས་སླ་པོར་འགོས་ཁྱབ་འགྲོ་གི་ཡོད་པའི་རྒྱུ་མཚན་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎