ཐེ་ལྦན་ཡུལ་མི་རྒྱ་ནག་ཏུ་གནས་སྤོ་བྱེད་མཁན་ཉུང་བ།

ཐེ་ལྦན་གྱི་ཡུལ་མི་རྒྱ་ནག་ཏུ་གནས་སྤོ་བྱེད་མཁན་དང་རྒྱ་ནག་ནང་ལས་ཀ་བྱེད་འདོད་ཡོད་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པ་རེད།

2011.09.10

༄༅༎ཐེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་པོའི་དབར་ཚོང་དོན་དང་ཡུལ་འཁོར་སྤྲོ་འཆམ་ཀྱི་འབྲེལ་ལམ་གོང་མཐོར་གཏོང་ཐབས་སུ་ཕྱོགས་གཉིས་ཀའི་ངོས་ནས་འབད་བརྩོན་ཤུགས་ཆེ་བྱེད་བཞིན་ཡོད་མིན་ལ་མ་བལྟོས་པརཐེ་ལྦན་གྱི་ཡུལ་མི་རྒྱ་ནག་ཏུ་གནས་སྤོ་བྱེད་མཁན་དང་རྒྱ་ནག་ནང་ལས་ཀ་བྱེད་འདོད་ཡོད་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པཐེ་ལྦན་གྱི་ United Daily News ཞེས་པའི་ཚགས་པར་ལས་ཁུངས་ཀྱིས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པ་ལས་ཤེས་རྟོགས་བྱུང་ཡོད་འདུག

གོང་གི་ཚགས་པར་དེས་འདི་ལོ་ཕྱི་ཟླ་ ༨ པའི་ནང་ མི་ཆིག་སྟོང་བརྒྱ་མེད་ཉི་ཤུ་རྩ་བཞིའི་བསམ་ཚུལ་བསྡུ་ལེན་བྱས་པའི་སྡོམ་འབོར་ཞིག་གཟའ་སྤེན་པའི་ཉིན་འདོན་སྤེལ་བྱས་པའི་ནང་མི་བརྒྱ་ཆ་དྲུག་བཅུ་རེ་དྲུག་གིས་རྒྱ་ནག་སྐམ་ས་ཆེན་པོའི་ནང་ལས་ཀ་བྱེད་འདོད་མེད་པའི་བསམ་ཚུལ་བཏོན་ཡོད་ཅིང་འདི་ནི་ལོ་གཅིག་གི་སྔོན་དང་བསྡུར་ན་བརྒྱ་ཆ་བཞིས་མང་བ་ཡིན་འདུག།

ཡང་རྒྱ་ནག་ནང་གནས་སྤོ་བྱེད་འདོད་ཡོད་མེད་བསམ་ཚུལ་དྲིས་པར་བརྒྱ་ཆ་དགུ་བཅུ་ཐམ་པས་རྒྱ་ནག་ནང་གནས་སྤོ་བྱེད་འདོད་མེད་པ་བརྗོད་འདུག་པ་དང་བརྒྱ་ཆ་དྲུག་བཅུ་རེ་དྲུག་གིས་སོ་སོའི་ཕྲུ་གུ་རྒྱ་ནག་ནང་སློབ་སྦྱོང་དུ་ཡང་གཏོང་འདོད་མེད་པ་བརྗོད་འདུག་ཅིང་གྲངས་འབོར་དེ་གཉིས་ཀ་སྔ་ལོ་ལས་མཐོ་རུ་སོང་ཡོད་འདུག

ཡང་བསམ་ཚུལ་འདྲི་ཡུལ་གྱི་བརྒྱ་ཆ་ ༥༦ གིས་རྒྱ་ནག་གཞུང་གི་ཐོག་མཐོང་ཚུལ་བཟང་པོ་མེད་པ་བརྗོད་སྟེ་ གྲངས་འབོར་དེ་ཡང་སྔ་ལོ་ལས་བརྒྱ་ཆ་གཉིས་ཀྱི་མཐོ་བ་ཡིན་འདུག་ཀྱང་བརྒྱ་ཆ་ ༤༥ ཙམ་གྱིས་རྒྱ་ནག་སྐམ་ས་ཆེན་པོའི་མི་སེར་ཐོག་མཐོང་ཚུལ་བཟང་པོ་མེད་པ་བརྗོད་འདུག འདི་ནི་སྔ་ལོ་ནས་བརྒྱ་ཆ་གཉིས་ཀྱི་ཉུང་བ་ཡིན་པ་རེད།

བསམ་ཚུལ་འདྲི་ཡུལ་གྱི་གྲངས་འབོར་ཕྱེད་ཀ་ལྷག་གིས་ ཐེ་ལྦན་དང་རྒྱ་ནག་སྐམ་ས་ཆེན་པོའི་དབར་ད་ལྟའི་འདྲ་མཉམ་གྱི་གནས་བབས་ཐོག་གནས་དགོས་པ་བརྗོད་ཡོད་པ་དང་ཡང་བརྒྱ་ཆ་ ༢༩ ཙམ་གྱིས་ཐེ་ལྦན་འཕྲལ་དུའམ་རིམ་པས་རང་བཙན་འབྱུང་རྒྱུར་འདོད་པ་བྱེད་ཀྱི་ཡོད་པ་བཏོན་ཞིང༌། བརྒྱ་ཆ་བཅུ་གྲངས་ཤིག་གིས་ཐེ་ལྦན་རྒྱ་ནག་སྐམ་ས་ཆེན་པོ་དང་ཟླ་བསྒྲིལ་གཏོང་དགོས་པའི་བསམ་ཚུལ་བཏོན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎