བོད་ནང་གི་གནམ་ཐང་ལྔ་པ་དེ་ཕྱི་ཟླ་༡༠པར་སྒོ་འབྱེད་ཐུབ་འཆར།

གཞིས་ཀ་རྩེའི་ནང་འཛུགས་བསྐྲུན་བྱེད་བཞིན་པའི་ཞི་བདེའི་་གནམ་ཐང་ཟེར་བ་དེ་ཕྱི་ཟླ་༡༠པའི་ནང་སྒོ་འབྱེད་བྱེད་ཐུབ་འཆར།

2010.04.10

༄༅༎བོད་ཀྱི་རྒྱལ་ས་ལྷ་ས་ནས་ཨེ་ཤེ་ཡའི་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་གིས་ཁ་ས་སྤེལ་བའི་གནས་ཚུལ་ལྟར་ན་བོད་ནང་སྤྱི་དམངས་ཀྱི་གནམ་ཐང་ལྔ་པ་དེ་ད་ལོའི་ཕྱི་ཟླ་༡༠པའི་ནང་འགྲུལ་པ་སྐྱེལ་འདྲེན་བྱ་རྒྱུའི་ལས་དོན་ཐོག་ཏུ་དངོས་སུ་བཀོལ་སྤྱོད་ཐུབ་པའི་རེ་བ་ཡོད་པ་རེད་ བོད་ཀྱི་རྒྱལ་ས་ལྷ་སར་རྟེན་གཞི་བྱས་པའི་རྒྱ་ནག་གི་སྤྱི་དམངས་འགྲིམ་འགྲུལ་ལས་ཁང་གི་འགན་འཛིན་ཤུས་པོ་ཡིས་བརྗོད་དོན་ལྟར་ན་ བོད་ཀྱི་གྲོང་ཁྱེར་ཆེ་ཤོས་གཉིས་པ་ གཞིས་ཀ་རྩེའི་ནང་འཛུགས་བསྐྲུན་བྱེད་བཞིན་པའི་ཞི་བདེའི་་གནམ་ཐང་ཟེར་བ་དེ་བཞིན་ད་ལོའི་ཕྱི་ཟླ་ ༩པའི་ནང་ཚར་བ་བྱས་ཏེ་ཕྱི་ཟླ་༡༠པའི་ནང་སྒོ་འབྱེད་བྱེད་ཐུབ་པ་དང་འགྲུལ་པ་སྐྱེལ་འདྲེན་བྱ་རྒྱུའི་ལས་དོན་ཐོག་ཏུ་དངོས་སུ་བཀོལ་སྤྱོད་བྱ་ཐུབ་རུང་བ་ཆགས་པའི་རེ་བ་ཡོད་པ་རེད་ གནམ་ཐང་གསར་རྒྱག་དེའི་ཐོག་རྒྱ་ནག་གཞུང་གིས་ཡོན་ས་ཡ་༤༨༩འགྲོ་གྲོན་གཏོང་རྒྱུའི་མ་རྩ་བཙུགས་ཡོད་པ་དང་གནམ་ཐང་དེ་ཡིས་ཕྱི་ལོ་༢༠༢༠འི་མཚམས་སུ་ལོ་རེའི་ནང་འགྲུལ་པ་གྲངས་ཉིས་འབུམ་གསུམ་ཁྲི་དང་ལྗིད་ཚད་ཊན་ ༡༡༥༠བྱས་པའི་དངོས་ཟོག་གི་དོ་པོ་འོར་འདྲེན་བྱ་ཐུབ་རྒྱུ་ཡིན་པ་རེད་ དེ་ག་ནང་བཞིན་གཞིས་ཀ་རྩེའི་ཁུལ་དེར་ལོ་རེར་ཡུལ་བསྐོར་སྤྲོ་འཆམགྱི་ཁེ་ལས་ཐོག་མ་རྩ་འཇོག་རྒྱུར་ཡང་ཤུགས་བསྣོན་ཐེབས་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎