བོད་རང་བཙན་གྱི་ངུ་འབོད་ཅེས་པའི་དངོས་བྱུང་གློག་བརྙན།

ཨོ་སོ་ཀྲོ་ལི་ཡའི་གློག་བརྙན་བཟོ་སྐྲུན་གནང་མཁན་ལཱ་ར་ཌེ་མི་ཡ་ནི་ཞུ་བས་བོད་རང་བཙན་གྱི་ངུ་འབོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོ་སྐྲུན་གནང་འདུག

2008.06.24

༄༅༎ཨོ་སོ་ཀྲོ་ལི་ཡའི་གློག་བརྙན་བཟོ་སྐྲུན་གནང་མཁན་ ལཱ་ར་ཌེ་མི་ཡ་ནི་ ཞུ་བས་བོད་རང་བཙན་འཐབ་རྩོད་ཀྱི་ཆེད་དུ་དམིགས་པའི་བོད་རང་བཙན་གྱི་ངུ་འབོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོ་སྐྲུན་གནང་སྟེ་ གློག་བརྙན་གྱི་པར་ཕུད་གཅིག་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་ཡོད་པ་རེད།

ལྕམ་ལཱ་ར་ཌེ་མི་ཡ་ནི་ཡིས་བོད་རང་བཙན་གྱི་ངུ་འབོད་ཅེས་པའི་དངོས་བྱུང་གློག་བརྙན་དེ་བཟོ་སྐྲུན་གྱི་འགྲོ་གྲོན་ཡོངས་རྫོགས་བཏང་སྟེ་གློག་བརྙན་དེ་བརྒྱུད་རྒྱ་ནག་གཞུང་གིས་བོད་ནང་གི་ཆབ་སྲིད། ཁོར་ཡུག རིག་གཞུང་སོགས་རྩ་མེད་བཟོ་བའི་གནས་ཚུལ་ཤེས་རྟོགས་མེད་མཁན་ཚོར་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་ཡིན་པ་མ་ཟད། ཁོང་ནི་དུས་རྒྱུན་ནས་བོད་ཀྱི་ཐོག་ལ་དོ་སྣང་ཆེན་པོ་གནང་མཁན་ཞིག་དང་བོད་མིའི་འཐབ་རྩོད་ལ་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་རེད། དེ་ཡང་ཁོང་གིས་ཨོ་སོ་ཀྲོ་ལི་ཡ་གློག་བརྙན་དང་འབྲེལ་བའི་གསར་འགྱུར་ལས་རིགས་སི་ཨེན་ཨེསི་ཡི་བཅར་འདྲི་དང་ལེན་གནང་སྐབས་གསུང་དོན། ཐོག་མར་ཁོང་བོད་དོན་ཐོག་དོ་སྣང་བྱུང་སྟངས་ནི་བོད་པའི་ནང་ཆོས་ཀྱི་ཕྱག་དེབ་ཀློག་པའི་རྗེས་བོད་རང་བཙན་གྱི་ངོ་འབོད་ཅེས་པའི་དངོས་ཤུགས་གློག་བརྙན་བཟོ་སྐྲུན་གནང་རྒྱུའི་འདུན་པ་བྱུང་བ་མ་ཟད། ལྷག་པར་དུ་ཕྱི་ལོ་༢༠༠༦ ལོར་ཁོང་གིས་བོད་ཀྱི་ནང་ཆོས་དང་འབྲེལ་བའི་འཚོ་ཐབས་དང་འཆི་ཐབས་ཞེས་པའི་ལྟ་གྲུབ་སྐོར་གྱི་ཕྱག་དེབ་ཅིག་ཀློགས་པའི་རྗེས་སྔར་བས་བོད་དོན་ཐོག་དོ་སྣང་ཆེ་རུ་ཕྱིན་པའི་སྐོར་དང་། བོད་རང་བཙན་གྱི་ངུ་འབོད་ཅེས་པའི་དངོས་བྱུང་གློག་བརྙན་དེ་བཟོ་སྐྲུན་གནང་དགོས་པའི་དམིགས་ཡུལ་ནི། འཛམ་གླིང་དེའི་ནང་ལ་དེང་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་པའི་ལོ་རྒྱུས་སྐོར་ཤེས་རྟོགས་ཡོད་མཁན་ཉུང་ཉུང་ཡིན་པར་བརྟེན་གནས་སྟངས་དེ་རྣམས་འཛམ་གླིང་ནང་གོ་རྟོགས་སྤེལ་རྒྱུའི་ཆེད་དུ་དངོས་བྱུང་གློག་བརྙན་དེ་བཟོ་སྐྲུན་གནང་བའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎