རྒྱ་གར་གྱི་མེས་པོ་དམ་པ་གེན་རྡི་མཆོག་གི་ལྟ་སྤྱོད་སྐོར་བགྲོ་གླེང༌།

ད་ལྟའི་དུས་ཚོད་དེར་རྒྱ་གར་གྱི་མེས་པོ་དམ་པ་ཆེན་པོ་གེན་རྡི་མཆོག་གི་ལྟ་སྤྱོད་དང་གཞུང་ལུགས་སླར་གསོ་དང་འབྲེལ་བ་བཟོ་ཐབས་ཀྱི་ཐབས་ལམ།

2009.04.29

༄༅༎ད་ལྟའི་དུས་ཚོད་དེར་རྒྱ་གར་གྱི་མེས་པོ་དམ་པ་ཆེན་པོ་གེན་རྡི་མཆོག་གི་ལྟ་སྤྱོྲོད་དང་གཞུང་ལུགས་སླར་གསོ་དང་འབྲེལ་བ་བཟོ་ཐབས་ཀྱི་ཐབས་ལམ་འཚོལ་ཞིབ་ཆེད་བཞུགས་སྒར་རྡ་རམ་ས་ལར་རྒྱ་གར་རྒྱལ་ཡོངས་ནས་ཕེབས་པའི་བདག་ཉིད་ཆེན་པོ་གེན་རྡིའི་རྗེས་འབྲང་པ་ཚོ་མཉམ་འཛོམས་གནང་ཡོད་པའི་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཚོགས་མགོན་དུ་ཕེབས་ཞུགས་གནང་འདུག

གོང་ཞུས་ཉིན་གྲངས་གསུམ་གྱི་བགྲོ་གླེང་ལྷན་འཛོམས་དེ་བཞིན་རྒྱ་གར་ནུབ་ཕྱོགས་མཱ་ཧ་ར་ཤི་ཏྲ་མངའ་སྡེའི་ནང་རྟེན་གཞི་གནང་བའི་སྦ་ར་ཧ་ལྦིརྡ་ཡ་མན་རྡིར་ཞེས་པའི་སློབ་གཉེར་ཁང་གིས་གོ་སྒྲིག་གནང་ཡོད་པ་དང་དེ་སྔ་༡༩༠༩ལོར་སེམས་པ་ཆེན་པོ་གེན་རྡི་མཆོག་ལོན་ཌོན་ནས་རང་ཡུལ་ལ་ཕྱིར་ལོག་ཕེབས་པའི་སྐབས་རྒྱ་གར་ལ་རང་སྲིང་རང་སྐྱོང་ཞེས་ཁ་སྦྱང་དུ་འཁོད་པའི་ཕྱག་དེབ་ཅིག་རྩོམ་བྲིས་གནང་ཡོད་པ་དེ་བྲིས་རྩོམ་གནང་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུ་ཕྱིར་ལྷན་འཛོམས་དེ་གནང་ཡོད་པ་རེད།

བདག་ཉིད་ཆེན་པོ་གེན་རྡིའི་ལྟ་གྲུབ་ཐོག་མཁས་པ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཧིནརྡ་ས་ལྦ་རཇེ་རྒྱ་གར་ལ་རང་སྲིང་རང་སྐྱོང་ཞེས་པའི་ཕྱག་དེབ་ནང་འཁོད་གེན་རྡི་མཆོག་གི་ལྟ་གྲུབ་ཞིབ་ཕྲ་བའི་ཐོག་ནས་གསལ་བཤད་གནང་ཡོད་པ་རེད། བཀའ་ཁྲི་མཆོག་གིས་གེན་རྡི་མཆོག་གིས་བརྗོད་གཞིར་རྒྱ་གར་ལ་རང་སྲིད་རང་སྐྱོང་ཞེས་པ་དེ་རྩོམ་བྲིས་གནང་བའི་སྐབས་མང་ཚོགས་ཀྱིས་ཕྱག་དེབ་ཀྱི་སྙིང་དོན་རྟོགས་ཐུབ་སྲིད་མེད་ནའང་དཔལ་འབྱོར་གྱི་བདེ་སྐྱིད་འབྱུང་ཐབས་སུ་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་དགོས་མཁོ་ཁག་ལ་གྱུར་བ་ཕྱིན་ནས་རིམ་པས་རྒྱུ་ནོར་ལོངས་སྤྱོད་ཚད་ལས་བརྒལ་བ་གསག་བསྒྲུབ་བྱ་རྒྱུའི་འདོད་རྔམ་ཆེ་རུ་ཕྱིན་པའི་རྐྱེན་གྱིས་རྒྱ་ནག་དང་ཨུ་རུ་སུ་ལྟ་བུའི་རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་བ་འཛིན་པའི་ཐོག་ནས་དང་མ་རྩ་རིང་ལུགས་ཀྱི་འཛིན་སྐྱོང་ལམ་ལུགས་ལག་བསྟར་བྱས་པའི་ཉེས་སྐྱོན་ལ་རྟེན་ནས་རྒྱ་ནག་དམར་པོའི་གཞུང་གིས་བོད་ཐོག་དབང་སྒྱུར་བྱས་པའི་གནས་སྟངས་དེ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བཞག གོང་ཞུས་བགྲོ་གླེང་དེའི་ནང་མཉམ་ཞུགས་གནང་མཁན་མི་སྣ་སུམ་ཅུ་སོ་གཉིས་ཙམ་ཡོད་པའི་གྲས་སུ་རྒྱ་གར་གྱི་མངའ་སྡེ་གུར་ཇཏེ།ཨུ་ཊར་པར་རྡེཤ།མརྡེ་ཡ་པར་རྡེཤ།ཨུ་ཊར་ཅན་བཅས་ནས་ཕེབས་པའི་གེན་རྡིའི་རྗེས་འབྲང་པ་དང་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཁག་ཅིག་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎