རྔ་བའི་ནགས་ཚལ་ཞིག་ལ་མེ་སྐྱོན་བྱུང་འདུག


2017.02.08
རྔ་བ་རྫོང་ཁོངས་ཀྱི་ཤིང་ནགས་ལ་མེ་སྐྱོན་བྱུང་ཡུལ། ༢༠༡༧།༢ རྔ་བ་རྫོང་ཁོངས་ཀྱི་ཤིང་ནགས་ལ་མེ་སྐྱོན་བྱུང་ཡུལ། ༢༠༡༧།༢
ཀུན་བཟང་བསྟན་འཛིན། བོད་འབྱོར།

རྔ་བ་རྫོང་ཁོངས་ཀྱི་ཤིང་ནགས་ལ་མེ་སྐྱོན་ཚབས་ཆེན་བྱུང་ནས་རི་དྭགས་དང་སེམས་ཅན་མང་པོ་ཤི་རྨས་བྱུང་ཡོད་འདུག
ཕྱི་ཟླ་གཉིས་པའི་ཚེས་༨་ཉིན་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་དོན་ལྟར་ན། ཕྱི་ཟླ་གཉིས་པའི་ཚེས་༤་ཉིན་རྔ་བ་རྫོང་ཁོངས་ཀྱི་ལྷ་སྡེ་ཕུན་ཚོགས་གླིང་གི་ཤིང་ནགས་མཐུག་པོ་ཡོད་སའི་ཁུལ་དུ་མེ་སྐྱོན་བྱུང་སྟེ། མང་ཚོགས་ཆེས་མང་པོས་ད་བར་མེ་གསོད་ཐབས་བྱས་པའི་མཐར་ཕྱི་ཚེས་༧ ཉིན་མེ་བསད་ཐུབ་ཙམ་བྱུང་ཡོད་འདུག འོན་ཀྱང་ཤིང་ནགས་སུ་གནས་པའི་རི་དྭགས་སེམས་ཅན་མང་པོ་ཤི་བའི་ཁར་དུད་ཁྱིམ་ཁག་ཅིག་གི་སྒོ་ཕྱུག་སེམས་ཅན་མེས་ཚིགས་ཏེ་ཤི་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
ཡང་གནས་ཚུལ་མཁོ་སྤྲོད་གནང་མཁན་དེས། ད་ལྟའི་ཆར་མེ་སྐྱོན་བྱུང་རྐྱེན་ཇི་ཡིན་གནས་ཚུལ་ཁ་གསལ་མེད་པ་དང་། ད་རེས་མེ་སྐྱོན་བྱུང་ཡུལ་དེ་ཤིང་ནགས་མཐུག་པོ་ཡོད་ས་ཞིག་དང་ལྷག་པར་དུ་རི་མཐོ་ལ་རླུང་བསིལ་པོ་ཡིན་པའི་རྐྱེན་གྱིས་མེ་སྐྱོན་ཚབས་ཆེ་བྱུང་སྟེ་ཉིན་གྲངས་བཞིའི་རིང་ཉིན་མཚན་མེད་པར་ས་གནས་མང་ཚོགས་དང་། རྫོང་དང་ཡུལ་ཚོའི་མང་ཚོགས་མེ་གསོད་རུ་ཁག་བཅས་ཁྱོན་མི་གྲངས་བརྒྱ་ལྷག་གིས་མེ་གསོད་བྱ་བར་ཞུགས་ཡོད་འདུག
ཤིང་ནགས་དེ་ནི་ཁུལ་དེའི་རུ་ཆེན་དང་པོ་དང་། རུ་ཆེན་གཉིས་པ། རུ་ཆེན་གསུམ་པའི་མང་ཚོགས་ཀྱི་ཤིང་འཐུ་བར་འགྲོ་ཡུལ་ཞིག་དང་། ནགས་ཚལ་ལས་ཁུངས་ཀྱི་སྲུང་སྐྱོབ་འོག་ཏུ་ཡོད་པར་བརྟེན་ནས་ཤིང་ནགས་གཅོད་འབྲེག་བྱེད་མཁན་མེད་པར་བརྟེན་ཤིང་ནགས་མཐུག་པོ་དང་ས་ཁྱོན་ཆེན་པོ་ཞིག་ཡིན་པའ་ཁར་མིའི་འགྲིམ་གྲུལ་གྱི་བྱ་བ་མེད་ས་ཞིག་ཀྱང་ཡིན་པ་ངོ་སྤྲོད་གནང་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎