དར་རྩེ་མདོ་ཁུལ་དུ་མེ་སྐྱོན།
2013.03.01

བོད་ནས་བཏང་འབྱོར།
༄༅། །བོད་ཤར་ཕྱོགས་དར་རྩེ་མདོ་ཁུལ་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གཞིགས་ན། ཁ་སང་སྔ་དྲོ་དར་རྩེ་མདོ་ཁུལ་དུ་བོད་མིའི་ཁྱིམ་ཚང་ཞིག་ལ་མེ་ཤོར་བའི་རྗེས་མེ་རིམ་བཞིན་ཁྱུད་ནས་དར་རྩེ་མདོ་རྫོང་ཁུལ་གྱི་ཁང་པ་༣༠ཉེ་བར་མེ་སྐྱོན་ཆེན་པོ་ཕོག་འདུག འབྲེལ་ཡོད་མི་སྣས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། མེ་སྐྱོན་གྱི་རྗེས་སུ་རྫོང་ཡོངས་སུ་གློག་ཆད་ཡོད་པ་དང་། མེ་སྐྱོན་བྱུང་སྟངས་ཀྱི་གཞི་རྩ་གང་ཡིན་ངོས་འཛིན་ཐུབ་ཀྱི་མེད་པ་རེད་འདུག
ཡང་ཁ་སང་ཕྱི་ཚེས་༢༨ཉིན་རྒྱ་ནག་ནང་སྔ་དྲོའི་ཚོུད་༢དང་ཕྱེད་ཀའི་ཐོག ཡུན་ནན་ཞིང་ཆེན་གྱི་གྲོང་ཁྱེར་ཁུན་མིང་གི་ཉེ་འཁྲིས་དབྱི་ལན་རྫོང་ནང་ཤིང་ནགས་ལ་མེ་སྐྱོན་ཤུགས་ཆེ་ཞིག་བྱུང་ཡོད་པ་དང་། མངའ་ཁུལ་མང་ཚོགས་སྟོང་ཕྲག་གཉིས་ལྷག་པ་འདུ་འཛོམས་ཀྱིས་མེ་གསོད་གང་ཐུབ་བྱེད་ཡོད་པ་རེད་འདུག།