རྒྱ་གར་དུ་བོད་མིའི་སུད་ཀྲར་ཁྲོམ་ར་ཞིག་ཏུ་མེ་སྐྱོན་བྱུང་ཡོད་པ།

རྒྱ་གར་ས་གནས་བའན་སི་ལྦ་ར་ཞེས་པའི་ནང་མེ་སྐྱོན་བྱུང་སྟེ་བོད་མིའི་སུད་ཀྲར་ཁྲོམ་རར་གནོད་འཚེ་ཕོག་ཏེ་ཚོང་ཁང་བཅུ་དྲུག་རྩ་མེད་དུ་ཕྱིན་འདུག

2008.11.11

༄༅༎རེས་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རཱ་ཇེ་སི་ཐན་མངའ་སྡེའི་ས་གནས་བའན་སི་ལྦ་ར་ཞེས་པའི་ནང་དུ་ཚོུད་འགའ་ཤས་རིང་མེ་སྐྱོན་བྱུང་སྟེ་བོད་མིའི་སུད་ཀྲར་ཁྲོམ་རར་གནོད་འཚེ་ཕོག་ཏེ་ཚོང་ཁང་བཅུ་དྲུག་རྩ་མེད་དུ་ཕྱིན་ཡོད་པ་དང་སུད་ཀྲར་ཁྲོམ་ར་དེའི་འགོ་ཁྲིད་སྤེན་པ་ལགས་ཀྱིས་ཕ་ཡུལ་གསར་འགྱུར་དྲ་རྒྱའི་གསར་འགོད་པར་མེ་སྐྱོན་དེའི་ནང་རྒྱ་དངོས་རྒྱ་གར་གྱི་དངུལ་ས་ཡ་ལྔ་ཙམ་གྱོང་གུན་བྱུང་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

དེ་ཡང་སྤེན་པ་ལགས་ཀྱིས་གསུང་པར་མེ་སྐྱོན་བྱུང་བའི་དགོང་དྲོ་དེར་སུད་ཀྲར་ཁྲོམ་རའི་ཉལ་བྱ་བ་ཚོས་ལན་བསྐྱལ་བྱུང་བ་དང་དོན་རྐྱེན་དེ་གོ་མ་ཐག་ས་གནས་སུ་བསྐྱོད་པའི་སྐབས་ཚོང་ཟོག་ཡོངས་རྫོགས་མེས་ཚེགས་ཟིན་ཏེ་ང་ཚོས་སུད་ཀྲར་སྣེ་ཁ་གཅིག་ཀྱང་ལེན་ཐུབ་མ་བྱུང་ཞེས་དང་མེ་སྐྱོན་གྱི་འབྱུང་རྐྱེན་གང་ཡིན་ད་ལྟ་ཤེས་རྟོགས་ཐུབ་མེད་ཅིང་ཡིན་ནའང་ས་གནས་རྒྱ་གར་གྱི་དཔོན་རིགས་ནས་ཕལ་ཆེར་གློག་གི་གནས་ཚུལ་ཐོག་ནས་བྱུང་བ་ཡིན་སྲིད་པའི་ཚོད་དཔགས་གནང་གི་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།

བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་བོད་གཞུང་གི་ནང་སྲིད་ལྷན་ཁང་ནས་སྐུ་ཚབ་ཞིག་ས་གནས་སུ་ཆེད་གཏོང་གནང་སྟེ་གནས་སྟངས་ཐོག་རྟོགས་ཞིབ་གནང་རྒྱུ་ཡིན་པ་དང་བོད་མི་སུད་ཀྲར་ཚོང་པ་ཚོས་ས་གནས་རྒྱ་གར་གྱི་དཔོན་རིགས་ལ་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་ཡོད་ཀྱང་ས་གནས་ཀྱི་འབྲེལ་ཡོད་དཔོན་རིགས་ནས་གནད་དོན་དའེི་སྐོར་མཐོ་རིམ་དཔོན་རིགས་ལ་སྙན་གསེང་ཞུ་རྒྱུ་ཡིན་པ་གསུང་ཡོད་པ་ལས་རོགས་གནང་རྒྱུའི་ཁས་ལེན་གང་ཡང་གནང་མེད་པ་རེད། བོད་མི་དེ་དག་གི་འདི་ལོའི་དགུན་ཁའི་སུད་ཀྲར་ཚོང་ལས་འགོ་བཙུགས་ཏེ་ཉིན་གྲངས་བཅུ་ཙམ་ལས་འགྲོ་གི་མེད་པ་དང་བོད་མི་དེ་དག་གི་འཚོ་རྟེན་གཙོ་བོ་ནི་དགུན་ཁའི་ནམ་དུས་སུ་ཀྱི་སུད་ཀྲར་ཚོང་ལས་དེ་ཡིན་པ་ལྟར་རྒྱ་གར་ནང་དུ་བཙན་བྱོལ་བོད་མི་མང་པོ་ཞིག་ལོ་ལྟར་དགུན་ཁའི་དུས་སུ་རྒྱ་གར་གྱི་ས་གནས་ཁག་ཏུ་སུད་ཀྲར་ཚོང་དུ་འགྲོ་གི་ཡོད་པ་དང་དེ་འགོ་བཙུགས་ནས་མི་ལོ་མང་པོ་འགྲོ་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎