བཞུགས་སྒར་དུ་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང༌།

གཞི་རིམ་བར་མའི་སློབ་ཚན་ཁག་བོད་སྐད་བརྒྱུད་ལམ་ནས་སློབ་འཁྲིད་གནང་ཐབས་ཀྱི་ཟབ་སྦྱོང་དང་པོ་དེ་འགོ་འཛུགས་གནང་ཡོད་པ་རེད།

2010.11.02

༄༅།།ཕྱི་ཟླ་༡༠པའི་ཚེས་༢༩ཉིན་བཙན་བྱོལ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་སམ་བྷོ་ཊ་སློབ་གྲ་ཁག་གི་ཁྱབ་ཁོངས་པོན་ཊ་གཏན་སློབ་ནང་སམ་བྷོ་ཏ་སློབ་གྲ་ཁག་གི་གཞི་རིམ་བར་མའི་སློབ་དགེ་རྣམས་ལ་གཞི་རིམ་བར་མའི་སློབ་ཚན་རྩིས་དང་ཚན་རིག་ སྤྱི་ཚོགས་ཚན་རིག་བཅས་བོད་སྐད་ཐོག་སློབ་འཁྲིད་གནང་ཐབས་ཆེད་ཚེས་༢༩ནས་ཕྱི་ཟླ་༡༡པའི་ཚེས་༡༢བར་ཉིན་གྲངས་༡༥རིང་ཟབ་སྦྱོང་ཞིག་འགོ་བཙུག་གནང་ཡོད་པ་རེད་

ད་རེས་ཀྱི་ཟབ་སྦྱོང་ནང་སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་གཞི་རིམ་བར་མའི་དགེ་རྒན་གྲངས་༡༥མཉམ་ཞུགས་གནང་ཡོད་པ་མ་ཟད། འབྲེལ་ཡོད་ཤེས་རིག་ལས་ཁུངས་དང་སམ་བྷོ་ཏའི་སློབ་དགེ་ཁག་ནས་ཟབ་སྦྱོང་སྣེ་འཕྲིད་གནང་རྒྱུ་དང་ དེ་བཞིན་ཟབ་སྦྱོང་དེའི་རིང་ཨོ་སི་ཀྲོ་ལི་ཡ་ཤེས་ཡོན་རིག་པའི་ཐོག་མཁས་མྱོང་ཅན་ཨེ་རིཀ་དང་མའར་ག་རེཏ་ཀེ་རི་ཞུ་བ་གསུམ་ནས་གསར་གཏོད་ཀྱི་སློབ་འཁྲིད་ཐབས་ལམ་སྐོར་ཟབ་སྦྱོང་གནང་རྒྱུ་དང་ གཞན་ཡང་རྡ་ས་བུ་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སེ་ལ་ཀུ་ཨ་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་དང་ཕྱག་རོགས་ལས་བྱེད་པས་ཚན་རིག་དང་སྤྱི་ཚོགས་ཚན་རིག་སློབ་འཁྲིད་གནང་ཕྱོགས་སྐོར་ཟབ་སྦྱོང་གནང་རྒྱུ་ཡིན་པ་རེད་ ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སམ་བྷོ་ཊ་སློབ་གྲྭ་ཁག་གི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་ཀྱིས་ཐེངས་འདིའི་ཟབ་སྦྱོང་དེ་བཞིན་ཤེས་ཡོན་སྲིད་བྱུས་ལག་བསྟར་བརྒྱུད་རིམ་ནང་གལ་འགངས་ཆེ་ཤོས་ཆགས་ཡོད་པ་མ་ཟད། བོད་ནང་དེང་སང་བོད་ཕྲུག་དཔའ་བོ་དཔའ་མོ་ཚོས་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་བོད་ཀྱི་སྐད་ཡིག་ཐོག་སློབ་འཁྲིད་མུ་མཐུད་གནས་ཐབས་སླད་སྐད་འབོད་ཀྱི་ལས་འགུལ་སྤེལ་བཞིན་པར་མིག་དཔེ་བལྟས་ནས་རང་དབང་ལུང་པའི་ནང་ཡོད་པའི་དགེ་ལས་རྣམས་ནས་སློབ་ཚན་ཆ་ཚང་སོ་སོའི་སྐད་ཡིག་ཐོག་སློབ་འཁྲིད་གནང་རྒྱུའི་ཐད་ཤུགས་སྣོན་བསྐྱོན་དགོས་པ་ནི་ལས་འགན་གལ་ཆེ་ཤོས་ཆགས་ཡོད་པ་དང་ བོད་ནང་གི་སློབ་ཕྲུག་རྣམས་ཀྱི་ལས་འགུལ་ལ་དོན་དམ་པའི་རྒྱབ་སྐྱོར་ལེགས་ཤོས་ཆགས་ཐུབ་ངེས་ཡིན་པ་བཅས་ཀྱི་ངོ་སྤྲོད་གནང་འདུག་། ཟབ་སྦྱོང་གི་མཇུག་སྡོམ་ཉིན་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲ་ཁག་ནང་བོད་སྐད་བརྒྱུད་ལམ་ཐོག་  སློབ་འཁྲིད་ལག་བསྟར་གནང་ཕྱོགས་སྐོར་ལམ་སྟོན་དང་གོ་བསྡུར་སྦྱང་བཤད་གནང་འཆར་ཡོད་པའི་སྐོར་འགྲེལ་བརྗོད་གནང་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎