ཡོ་རོབ་བོད་མིའི་ཚོགས་ཆེན་ཐེངས་དང་པོ་ཚོགས་འཆར་ཡོད་པ།

ཡོ་རོབ་བོད་མིའི་ཚོགས་ཆེན་ཐེངས་དང་པོ་དེ་སུད་ཛར་ལེན་ནང་ཕྱི་ཟླ་བཅུ་པའི་ཚེས་བཅུ་གཅིག་ནས་བཅུ་གཉིས་བར་ཚུགས་རྒྱུ་ཡིན་འདུག

2008.09.30

༄༅༎ཡོ་རོབ་བོད་མིའི་ཚོགས་ཆེན་ཐེངས་དང་པོ་དེ་སུད་ཛར་ལེན་གྱི་གྲོང་ཁྱེར་སྦ་སེལ་ནང་ཕྱི་ཟླ་བཅུ་པའི་ཚེས་བཅུ་གཅིག་ནས་བཅུ་གཉིས་བར་ཚུགས་རྒྱུ་ཡིན་འདུག

ཚོགས་ཆེན་དེ་དང་འབྲེལ་བའི་རྒྱུན་ལས་ལྷན་ཚོགས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག་པ་དེའི་ནང་ཡོ་རོབ་བོད་མིའི་ཚོགས་ཆེན་དེའི་ཐོག་ཡོ་རོབ་ནང་གནས་འཁོད་བོད་མི་ཚོའི་ཆབ་སྲིད་ཀྱི་ལས་འགན་དང་དཀའ་ཚེགས་ལ་གདོང་ལེན་བྱ་ཕྱོགས་ དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་གི་གོམས་གཤིས་འཇོག་ཐབས་དང་དེ་དག་སྲུང་སྐྱོབ་བྱ་ཕྱོགས་སོགས་ཀྱི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་པ་འཁོད་འདུག

ཡོ་རོབ་བོད་མིའི་ཚོགས་ཆེན་ཐེངས་དང་པོ་དེའི་ཐོག་ཡོ་རོབ་ཀྱི་ཡུལ་གྲུ་ཁག་བཅུ་བཞི་ཙམ་ནས་འཐུས་མི་མི་གྲངས་བརྒྱ་དང་ཉི་ཤུ་རྩེ་ལྔ་ཙམ་ཕེབས་རྒྱུའི་ཚོད་དཔག་བྱེདབཞིན་ཡོད་འདུག་ཅིང་སྔོན་འཆར་ལྟར་ན་ཚོགས་ཆེན་དེའི་དབུ་འབྱེད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིད་ནས་གནང་རྒྱུ་ཡིན་འདུག་ན་ཡང་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སུད་སིའི་མཛད་འཆར་གནས་སྐབས་རིང་ཕྱིར་བསྡུ་གནང་པར་བརྟེན་སྔོན་འཆར་གཞིར་བཟུང་གནས་མེད་ན་ཡང་ ཚོགས་ཆེན་མུ་མཐུད་ཚུགས་རྒྱུ་གཏན་འཁེལ་ཟིན་པ་དང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཚོགས་ཆེན་ཐོག་གི་གསུང་བཤད་གཙོ་བོ་གནང་རྒྱུར་ཞལ་བཞེས་གནང་ཡོད་པ་སུད་ཛར་ལེན་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་དང་ཡོ་རོབ་བོད་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོག་སྤང་རིང་ཀརྨ་ལགས་ཀྱིས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎