རྒྱ་གར་ཀ་ཤེ་མིར་ཁུལ་དུ་མི་གྲངས་བཅུ་གཅིག་རྐྱེན་ལམ་དུ་ཕྱིན་པ།

རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་ཀྱི་འཐབ་རྩོད་ནང་རྒྱ་གར་གྱི་དམག་མི་ལྔ་དང་ཁ་ཆེའི་གྱེན་ལོག་པ་དྲུག་རྐྱེན་ལམ་དུ་ཕྱིན་ཡོད་འདུག

2009.03.22

༄༅༎རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་ཀྱི་འཐབ་རྩོད་ནང་རྒྱ་གར་གྱི་དམག་མི་ལྔ་དང་ཁ་ཆེའི་གྱེན་ལོག་པ་དྲུག་རྐྱེན་ལམ་དུ་ཕྱིན་ཡོད་འདུག

རེས་གཟའ་ཉི་མའི་ཉིན་ཀ་ཤེ་མིར་ཁུལ་གྱི་རྒྱ་གར་དང་པ་ཀི་སི་ཐན་གྱི་ས་མཚམས་སུ་ཟླ་བ་ཁ་ཤས་རིང་དྲག་རྒོལ་གྱི་འཐབ་རྩོད་ནང་དམག་མི་རྐྱེན་ལམ་དུ་ཕྱིན་པ་ཐོག་མ་ཡིན་འདུག ཐེངས་འདིའི་དྲག་རྒོལ་ཡོང་རྐྱེན་ནི་རེས་གཟའ་སྤེན་པའི་ཉིན་པ་ཀི་སི་ཐན་གྱི་དམག་མིས་རྒྱ་གར་གྱི་དམག་མི་གཅིག་རྨས་སྐྱོན་བཏང་བ་དེ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་དམག་མིས་བྱང་ཕྱོགས་ཀུབ་ལྦ་ར་རྫོང་ཁུལ་ས་མཚམས་སུ་འཚོལ་ཞིབ་བྱེད་སྐབས་ཁ་ཆེའི་གྱེན་ལོག་པས་དྲག་རྒོལ་གྱིས་རྒྱ་གར་གྱི་དམག་དཔོན་གཅིག་དང་དམག་མི་བཞི་བཅས་ལྔ་རྐྱེན་ལམ་དུ་བཏང་ཡོད་འདུག རྒྱ་གར་གྱི་དམག་མིས་གྱེན་ལོག་པ་གཉིས་རྐྱེན་དུ་བཏང་ཡོད་འདུག ཡང་ས་ཁུལ་དེ་གའི་ས་ཁུལ་གཞན་ཞིག་ལ་གྱེན་ལོག་པ་བཞི་བཅས་དྲུག་རྐྱེན་ལམ་དུ་བཏང་ཡོད་པ་དང་ད་ལྟ་དྲག་རྒོལ་མཚམས་འཇོག་བྱས་མེད་ལུགས་ས་གནས་ཀྱི་ཉེན་སྲུང་དཔོན་རིགས་ཤིག་གིས་རྒྱལ་ས་ཤི་རི་ན་གར་དུ་ཨེ་ཨེཕ་པི་གསར་ལང་ཁང་ལ་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎