ལེའུ་ཞོའུ་པོ་ལ་ནོ་སྦེལ་གཟེངས་རྟགས་ཕུལ་ནས་ལོ་ལྔ་འཁོར་བ།


2015.12.10
ལེའུ་ཞོའུ་སྤོ་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ལྔ་འཁོར་བ། ཨ་རིའི་གྲོས་ཚོགས་ནང་ལེའུ་ཞོའུ་སྤོའོ་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་གསར་འགོད་གསལ་བསྒྲགས་སྐབས།
Photo: RFA

༄༅།འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་སྔ་རོལ་དུ་རྒྱ་ནག་གི་ཆབ་སྲིད་བཙོན་པ་ལེའུ་ཞོའུ་སྤོ་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འཕུལ་ནས་ལོ་ལྔ་འཁོར་བའི་དུས་དྲན་དང་བསྟུན། ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གི་ཐོག་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གསར་འགོད་གསལ་བསྒྲགས་ཞིག་སྤེལ་ཡོད་ཅིང་།  ཐོག་མར་ཨ་རིའི་གྲོས་ཚོགས་འཐུས་མི་ཁི་རེ་སི་མིས་་ལགས་ཀྱིས།   སྤྱིར་སྐུ་ཞབས་ལེའུ་ཞོའུ་སྤོའོ་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེ་ནི་དགའ་འོས་པ་ཞིག་ཡིན།         འོན་ཀྱང་དེ་སྔོན་གཟེངས་རྟགས་བཞེས་པའི་མཛད་སྒོའི་སྐབས་དང་།  དེ་བཞིན་དེ་རིང་གི་གསར་འགོད་གསལ་བསྒྲགས་སོགས་ཁོང་ལ་དྲན་གསོ་ནམ་ཞུས་སྐབས་སྐུ་པར་དང་རྐུབ་སྟེགས་ཤིག་གིས་ཁོང་གི་ཚབ་ཞུ་དགོས་པ་དེ་ནི་ངོ་མ་བློ་ཕམ་དགོས་པ་ཞིག་རེད།  ཁོང་ནི་ནོར་སྦེལ་ཞི་བདེའི་གཟེངས་སྟག་བཞེས་མཁན་བཙོན་ཏུ་ཡོད་པ་གཅིག་པུ་དེ་རེད་ཅེས་དང་།  རྒྱ་ནག་ནང་གི་འགྲོ་བ་མིའི་གནས་སྟངས་ཇེ་ཞན་ཇེ་སྡུག་དུ་འགྲོ་བཞིན་པ་ནི་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱིས་གསར་ཏུ་གཏོན་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་སྙན་ཐོ་དེས་བདེན་དཔངས་བྱེད་ཐུབ་པ་ཞིག་རེད་ཅེས་གསུངས་སོང་།  དེ་བཞིན་ཁོང་གིས་ད་དུང་མུ་མཐུད་དུ་གསུངས་པའི་ནང་།  ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་རྒྱ་ནག་གི་འགྲོ་བ་ཐོབ་ཐང་ཐད་བྱ་སྤྱོད་སྤེལ་བ་དེས་འདེངས་ཀྱི་མེད་སྐོར་དང་།  འོན་ཀྱང་ཨ་རིའི་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་ནང་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་ཡོང་ཐབས་སུ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་དང་།  རྒྱ་ནག་ནང་ཆབ་སྲིད་བཙོན་པ་དང་དམངས་གཙོ་དོན་གཉེར་བ་ཚོ་མུ་མཐུད་བཙོན་འཇུག་དང་དེ་བཞིན་ད་ལྟ་ལེའུ་ཞོའུ་སྤོའོ་ཡི་བཟའ་ཟླ་ལེའུ་ཤཱ་མུ་མཐུད་བཀག་ཉར་འོག་ཡོད་པའི་གནས་སྟངས་དེ་ནི་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ལ་དོག་ཕོག་ཆེན་ཤོས་ཤིག་ཡིན་པ་མ་ཟད།  རྒྱ་ནག་དེ་རྒྱལ་སྤྱིའི་སྣང་ཡུལ་དུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཁན་དང་ཁྲིམས་ཀྱི་དབང་བསྒྱུར་འོག་ཏུ་བསྐྱོད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་མིན་གྱི་འགག་རྩ་རང་བཞིན་ཅན་ཞིག་ཀྱང་ཆགས་ཡོད་ཅེས་སོགས་གསུངས་སོང་།   ལེའུ་ཞོའུ་སྤོའོ་ཡིས་རྒྱ་ནག་ནང་མང་གཙོའི་ཁྲིམས་མཐུན་སྲིད་གཞུང་གི་ལངས་ཕྱོགས་བརྟན་པོར་འཛིན་པའི་༢༠༠༨བཅའ་ཁྲིམས་ཡིག་ཆ་ཟིན་བྲིས་བྱེད་པའི་རྐྱེན་གྱིས་༢༠༠༩ལོའི་ཕྱི་ཟླ་༡༢ཚེས་༢༥ཉིན་པེ་ཅིན་ཆེས་མཐོའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་མགོ་རྟིང་སློག་པའི་ངན་སྐུལ་བའི་དོགས་ཡོད་ཆབ་སྲིད་ཉེས་ཅན་དུ་བསྙད་དེ་ལོ་བཅུ་གཉིས་ཀྱི་ཁྲིམས་ཐག་དང་། ཆབ་སྲིད་ཀྱི་ཁེ་དབང་ལོ་གཉིས་ལ་ཕྲོགས་ཡོད་པ་མ་ཟད།  ༢༠༡༠ལོའི་ཕྱི་ཟླ༡༠ཚེས་༨་ཉིན་ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་༢༠༡༠ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ལེའུ་ཞོའུ་སྤོའོ་ལ་ཐོབ་པའི་ཁྱབ་བསྒྲགས་བྱས་པ་ནས་ད་བར་རྒྱ་ནག་གི་བཙོན་འོག་ཏུ་གནས་མུས་ཡིན་པ་རེད།  ད་རེས་ཕྱི་ཚེས་༩ཉིན་རྒྱལ་ས་ཝ་ཤིང་ཀྲོན་གྲོས་ཚོགས་ཚོགས་ཁང་ནང་གི་གསར་འགོད་གསལ་སྒྲ་དེའི་ཐོག་ཨ་རིའི་གྲོས་ཚོགས་འཐུས་མི་དང་་རྒྱ་ནག་གི་སྤྱི་དམངས་སྟོབས་ཤུགས་ཚོགས་པའི་འགན་འཛིན་Yang jianli དང་།   རྒྱ་ནག་གི་ཁྲིམ་རྩོད་པ་དང་མང་གཙོ་དོན་གཉེར་བ་Chen  guangchengདེ་བཞིན་༡༩༨༩ལོའི་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་སློབ་ཕྲུག་གི་ལས་འགུལ་ལ་རྒྱ་ནག་གིས་དྲག་གནོན་སྐབས་འཐབ་འཁོར་ཐན་ཁི་འོག་རྐང་པ་གཉིས་ཀ་ཤོར་བའི་པེ་ཅིང་གི་སློབ་ཕྲུག Fangzheng དེ་བཞིན་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་པ་དང་རྒྱ་རིག  ཕྱི་རྒྱལ་བ་དང་གསར་འགོད་པ་སོགས་ལྷན་འཛོམས་ཀྱིས་དུས་དྲན་སྲུང་བརྩི་ཞུས་སོང།

གསར་འགོད་པ་རྡོ་རྗེ་དགྲ་འདུལ་དང་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎