བདེན་པའི་མེ་ལྕེ་གུ་ཇ་རཏ་ནང་འབྱོར་བ།

བདེན་པའི་མེ་ལྕེ་རྒྱ་གར་ཤར་ཕྱོགས་གུ་ཇ་རཏ་མངའ་སྡེའི་ནང་འབྱོར་བའི་གནས་ཚུལ།

2012.10.14

༄༅༎རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་ཕྱི་ཟླ་༡༠ཚེས་༡༡་ ཉིན་Gujarat མངའ་སྡེའི་གྲོང ཁྱེར་Amedabad ནང་འབྱོར་བའི་མཛད་སྒོ་འཚོགས་པ་དང༌། ཕྱི་ཚེས་༡༢ ཉིན་ས་གནས་Nevrangpura ནང་སྐོར་བསྐྱོད་འགོ་བཙུགས་པ་དང༌། ཕྱི་ཚེས་༡༣ ཉིན་Gujarat མངའ་སྡེའི་རྒྱལ་ས་གན་དྷི་ན་གར་དུ་སྐོར་བསྐྱོད་གནང་ཡོད་པ་རེད།
ཕྱི་ཟླ་བཅུ་པའི་ཚེས་༡༡ ཉིན་བདེན་པའི་མེ་ལྕེ་Gujarat མངའ་སྡེའི་གྲོང་ཁྱེར་Amedabad ནང་དུ་འབྱོར་བའི་མཛད་སྒོའི་ཐོག་མར་ད་བར་དུ་བོད་དོན་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་ཚོར་གདུང་སེམས་ཉམས་བསྐྱེད་དང་མྱ་ངན་གུས་བཏུད་སྐར་མ་གཅིག་རིང་ཞུས་པ་དང༌། དེ་རྗེས་བོད་མི་དམངས་སྤྱི་འཐུས་ཀརྨ་ཡེ་ཤིས་ལགས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་དང༌། ༢༠༠༩ ནས་བཟུང་བོད་དོན་ཆེད་དུ་བོད་ནང་དུ་བོད་མི་ལྔ་བཅུ་ང་གྲངས་ཤིག་གིས་རང་སྲོག་བློས་གཏོང་གནང་བའི་རྒྱུ་རྐྱེན། བདེན་པའི་མེ་ལྕེའི་ལས་འགུལ་གྱི་དམིགས་ཡུལ་སོགས་གཏམ་བཤད་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎