བདེན་པའི་མེ་ལྕེ་སྐོར་སྐྱོད་མན་ཌིའི་ནང་འབྱོར་འདུག

ཟླ་བ་འདིའི་ཚེས་ ༨ སྔ་དྲོ་སྦིར་ཁུལ་གྱི་བདེན་པའི་མེ་ལྕེའི་སྐོར་སྐྱོད་དེ་སྦིར་བོད་ཚོགས་དང༌། སྦིར་བདེ་དགེ ཅོན་ཏ་ར་བཅས་ས་གནས་གསུམ་དུ་སྐོར་སྐྱོད་གྲུབ་སྟེ། མན་ཌིར་འབྱོར་འདུག

2012.08.09

༄༅།    །མན་ཌིའི་ས་གནས་འཐུས་མི། ས་གནས་འགོ་འཛིན་དང་ལས་བྱེད། ཁྱབ་ཁོངས་ས་གནས་ཁག་བཞིའི་སེར་སྐྱ་མང་ཚོགས་ནས་བདེན་པའི་མེ་ལྕེ་སྐོར་སྐྱོད་ལ་བསུ་ལེན་ཞུས་གནང་ཡོད་པ་རེད།    བཀའ་ཤག་གི་བཀའ་དགོངས་ལྟར། ཁེ་ས་ཕྱི་ཚེས་ ༨ ཉིན་བོད་ནང་གི་ཛ་དྲག་གནས་སྟངས་དང༌། རང་ལུས་མེར་སྲེག་གནང་མཁན་ཚོར་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་ཚོན་ཆེད་དུ་ཙམ་མ་ཚད།    བཀའ་བློན་ཁྲི་པ་མཆོག་གིས་ལས་ཁུར་
བཞེས་ནས་ལོ་གཅིག་འཁོར་བའི་དུས་ཚིགས་ཉིན་ས་གནས་སོ་སོར་ལས་འགུལ་སྤེལ་རྒྱུའི་
ཉིན་མོ་དང་སྟབས་བསྟུན། བདེན་པའི་མེ་ལྕེ་ས་གནས་སུ་བསུ་ལེན་གྱི་མཛད་སྒོ་དེ་གནང་འདུག    ཕྱོགས་མཚུངས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་སྐྱོད་དེ་ཟླ་བ་འདིའི་
ཚེས་ ༣ ཉིན་ཧུན་སུར་གཞིས་ཆགས་ནས་ཀོ་ལི་གྷལ་གཞིས་ཆགས་སུ་འབྱོར་ཡོད་པ་དང༌།
ཁུལ་དེར་སྐོར་སྐྱོད་གྲུབ་རྗེས། ད་ཆ་མེ་སོར་གྲོང་ཁྱེར་ནང་འབྱོར་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎