བདེན་པའི་མེ་ལྕེ་སྐོར་བསྐྱོད་ཨོས་ཊྲེ་ལི་ཡར་འབྱོར་བ།

བདེན་པའི་མེ་ལྕེ་སྐོར་བསྐྱོད་དེ་ཨོས་ཊྲེ་ལི་ཡའི་ནང་འབྱོར་སྐབས་ས་གནས་བོད་རིགས་ཙམ་མ་ཟད། ཁུལ་དེར་ཡོད་པའི་རྒྱ་རིགས་དང་ཝི་ཏི་ནམ་མི་རིགས། སོག་རིགས་བཅས་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག

2012.09.20

༄༅།    །དེ་ཡང་ཕྱི་ཟླ་ ༩ ཚེས་ ༡༥ ཉིན་བདེན་པའི་མེ་ལྕེ་དེ་བཞིན་ཨོས་ཊྲེ་ལི་ཡའི་གྲོང་ཁྱེར་མེལ་བྷོན་གྱི་སྤྱི་མཐུན་ཚོགས་པའི་ཐང་ཆེན་ Federation Square ཞེས་པ་དེར་འབྱོར་སྐབས།    ཨོས་ཊྲེ་ལི་ཡར་རྟེན་གཞི་བྱས་པའི་རྒྱ་རིགས་མང་གཙོ་མཐུན་སྒྲིལ་ཚོགས་པའི་སྐུ་ཚབ་འཐུས་མི་རྣམ་པ་དང་ཨོས་ཊྲེ་ལི་ཡའི་གྲོང་ཁྱེར་ཝིཀ་ཊོ་རི་ཡེའི་ནང་རྟེན་གཞི་བྱས་པའི་ཝི་ཏི་ནམ་དང་།    སོག་རིགས་ཚོགས་པའི་སྐུ་ཚབ་འཐུས་མི་བཅས་ཕེབས་ཏེ་མཛད་སྒོར་མཉམ་ཞུགས་གནང་བས་མ་ཟད། སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་གིས་བོད་མི་ཚོར་དམ་དྲག་ཧ་ཅང་ཆེ་བའི་སྲིད་བྱུས་འཛིན་བཞིན་པ་དེར་བོད་མི་རྣམས་མཐར་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང། བོད་ལ་རང་དབང་དགོས་པའི་འབོད་ཚིག་བསྒྲགས་ཏེ་ད་བར་བོད་མི་ ༥༡ རང་ལུས་མེར་སྲེག་བཏང་ཡོད་སྐོར་གསུངས་ཡོད་པ་རེད།

ཁོང་རྣམ་པས་ད་དུང་།    ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་དྲག་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་འོག་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་།    སྐད་ཡིག་རང་དབང། ཆོས་དད་རང་དབང་། བོད་མིའི་ངོ་བོ་དང་།    རིག་གཞུང་གཅེས་འཛིན་བྱ་རྒྱུའི་ཐོབ་ཐང་སོགས་ལ་རྩིས་མེད་རྡོག་རོལ་བཏང་བས་མ་ཟད། བོད་མི་ཚོར་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུས་བཅུགས་པ་སོགས་ལས་བྱུང་བ་ཞིག་ཡིན་པ་སོགས་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་པ་རེད།།













བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎