དྷ་སར་བདེན་པའི་མེ་ལྕེ་འབྱོར་བའི་མཛད་སྒོ།

བདེན་པའི་མི་ལྕེ་བཞུགས་སྒར་དྷ་རམ་ས་ལར་འབྱོར་བ་དང་བསྟུན། བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་པའི་ས་གནས་མི་མང་བརྒྱ་ཕྲག་བརྒལ་བ་ལྷན་འཛོམས་ཀྱིས་མཛད་སྒོ་ཟབ་རྒྱས་གནང་འདུག

2012.07.26

༄༅།    །མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་བའི་ནང། གཞིས་ཞུགས་བོད་མིའི་མངོན་འདོད་དང༌། རང་སྲོག་འབེན་ལ་བཙུགས་ཏེ་ལས་འགུལ་སྤེལ་བ་རྣམས་འཛམ་གླིང་ཁྱོན་ཡོངས་སུ་ངོ་སྤྲོད་ཡང་དག་པ་ཞུ་རྒྱུའི་འགན་འཁྲི་བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོར་ཡོད་ལ། ད་བར་དུ་འདས་པའི་ཟླ་བ་གཉིས་རིང་བཀའ་བློན་མང་ཆེ་བ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་ཏེ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས༌ངོ་སྤྲོད་དང༌། ཕྱི་རྒྱལ་གྱི་གནད་ཡོད་མི་སྣའི་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་ཀྱི་ཕྱག་ལས་གནང་བའི་བརྒྱུད་རིམ་ཁག་ངོ་སྤྲོད་གནང་ཡོད་པ་རེད།
ཡང་སྐབས་དེར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་སྐབས།    བོད་མི་དང་འཛམ་གླིང་སྤྱི་ཡོངས་ལ་ཡོད་པའི་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ཚང་མས་སྤྱི་འཐུས་ལྷན་ཁང་ནས་དབུ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་སྤེལ་མུས་ཡིན་པ་འདིར་འཛུལ་ཞུགས་དང་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།    ཞེས་གསུངས་ཡོད་པ་རེད།
གསུང་བཤད་ཀྱི་ལས་རིམ་ཁག་གྲུབ་རྗེས།    མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གསུམ་གྱིས་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་དང་འབྲེལ་བའི་མཚན་རྟགས་བཀོད་དེ་མཛད་སྒོ་མཇུག་བསྒྲིལ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎