རྟའུ་རྫོང་དུ་ཏོག་དབྱིབས་གསར་བའི་གློ་ཚད་ཀྱི་ནད་པ ༤ གསར་དུ་བྱུང་ཡོད་འདུག


2020.02.28
 རྟའུ་རྫོང་དུ་ཏོག་དབྱིབས་གསར་བའི་གློ་ཚད་ཀྱི་ནད་པ ༤ གསར་དུ་བྱུང་ཡོད་འདུག དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ༢༠༢༠།༠༢
བོད་འབྱོར།

དཀར་མཛེས་ཁུལ་དུ་ཏོག་དབྱིབས་གསར་བའི་གློ་ཚད་ཀྱི་ནད་པ་གསར་བ་བཞི་བྱུང་ཡོད་པ་དང་། ཚང་མ་རྟའུ་རྫོང་གི་ཡིན་ཞིང་། དེ་དག་ནི་རྟའུ་རྫོང་ཁང་གསར་ཞང་གི་དགེ་ག་གེ་མོ་ཟེར་བའི་ལོ་ན ༤༦ ཡིན་པའི་སྐྱེས་པ་ཞིག་དང་། རྟའུ་རྫོང་ཁང་གསར་ཞང་གི་འཆི་ག་གེ་མོ་ཟེར་བའི་ལོ་ན ༡༨ ཡིན་པའི་བུད་མེད་ཅིག རྟའུ་རྫོང་ཁང་གསར་ཞང་གི་འཇམ་ག་གེ་མོ་ཟེར་བའི་ལོ་ན ༤༦ ཡིན་པའི་སྐྱེས་པ་ཞིག རྟའུ་རྫོང་ཞན་ཧྲུས་གྲོང་བརྡལ་གྱི་དགེ་ག་གེ་མོ་ཟེར་བའི་ལོ་ན ༣༠ ཡིན་པའི་སྐྱེས་པ་ཞིག་བཅས་བཞི་ཡིན་པ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ལས་ཁང་གིས་ཚེས ༢༨ ཉིན་གནས་ཚུལ་སྤེལ་འདུག   ཟླ ༢ པའི་ཚེས ༢༧ཉིན་གྱི་ཆུ་ཚོད ༢༤ བར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཏོག་དབྱིབས་གསར་བའི་གློ་ཚད་བྱུང་བའི་ནད་པ ༧༨ ཡོད་པ་དང་། དེའི་ཁྲོད་ནས་རྟའུ་རྫོང་ལ་ནད་པ ༧༣ དང་། དར་རྩེ་མདོ་རུ ༢། གསེར་རྟ་རྫོང་དུ ༡ ། འདབ་པ་རྫོང་དུ ༡ བཅས་ཡིན། རྒྱ་ནག་གཞུང་འབྲེལ་གནས་ཚུལ་ལྟར་ན། རྒྱ་ནག་ནང་ལོགས་སུ་ཏོག་གསར་གློ་ཚད་བྱུང་མཁན་ནད་པའི་གྲངས་ཀ་ཇེ་ཉུང་དུ་འགྲོ་བཞིན་པ་དང་། ཟླ ༢ པའི་ཚེས ༢༧ ཉིན་རྒྱ་ནག་རྒྱལ་ཡོངས་སུ་ནད་པ་གསར་བ ༣༢༧ ལས་མེད་པས། ད་ལོའི་ཟླ་དང་པོ་ནས་ཉུང་ཤོས་ཀྱི་ཉིན་མོ་དེ་ཆགས་ཡོད་པ་རེད། ཡིན་ན་ཡང་ཚེ་འདས་སུ་གྱུར་བའི་གྲངས་ཀ ༤༤ ཡིན་པས་ཅུང་ཞིག་ཇེ་མང་དུ་སོང་ཡོད་པ་རེད། རྒྱ་ནག་འཕྲོད་བསྟེན་དང་བདེ་ཐང་ལྷན་ཁང་གི་གསལ་བསྒྲགས་ལ་གཞིགས་ན། ད་བར་དུ་རྒྱ་ནག་ན་ཏོག་གསར་གློ་ཚད་བྱུང་བའི་ནད་པ ༧༨༨༢༤ ཡོད་པའི་ཁྲོད། མི ༢༧༨༨ ཚེ་ལས་འདས་ཡོད་པ་རེད། འོན་ཀྱང་། རྒྱ་ནག་ཏུ་ཏོག་གསར་གློ་ཚད་བྱུང་མཁན་ཇེ་ཉུང་འགྲོ་བཞིན་པ་དང་དུས་མཚུངས་སུ། འཛམ་གླིང་རྒྱལ་ཁབ ༤༨ དུ་ཏོག་གསར་གློ་ཚད་ཀྱི་ནད་ཡམས་ཁྱབ་གདལ་གྱིས་ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་སུ་ནད་པ་ ༨༣༠༠༠ ཡོད་པའི་ཁྲོད་ནད་པ་ ༢༨༠༠ ལྷག་འདས་གྲོངས་་སུ་གྱུར་ཡོིད་པ་རེད།  ནང་སྒོས་སུ་ལྷོ་ཀོ་རེ་ཡའི་གནས་སྟངས་ཅུང་ཛ་དྲག་ཆགས་ཡོད་ཅིང་། ད་བར་དུ་ནད་པ ༢༣༣༧ བྱུང་ཡོད་པས། ཨང་གཉིས་པ་དེ་ཆགས་འདུག རྒྱལ་ཁབ་དང་གཞུང་སོ་སོས་གོ་ལ་ཧྲིལ་བོར་གཞི་རྒྱ་ཆེན་པའི་ཁྱབ་སྲིད་པར་དོགས་ཟོན་ནན་མོ་བྱེད་ཀྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎