རྒྱལ་སྤྱིའི་ཉེན་སྐྱོབ་རུ་ཁག་ཉི་ཧོང་དུ་ཐོན་བསྐྱོད།

ཉི་ཧོང་ནང་ས་ཡོམ་གྱི་གནོད་འཚེ་བྱུང་བའི་རྗེས་རྒྱལ་སྤྱིའི་མི་འཚོལ་ཞིབ་དང་ཉེན་སྐྱོབ་རུ་ཁག་རོགས་སྐྱོར་དུ་ཐོན་བསྐྱོད་བྱས་ཡོད་འདུག

2011.03.13

༄༅༎ད་རེས་རེས་གཟའ་པ་སངས་ཉིན་ཉི་ཧོང་ནང་ས་ཡོམ་འགུལ་ཚད་བརྒྱད་དང་གྲངས་ཆུང་༩རྒྱབ་སྟེ་ཚབས་ཆེའི་གནོད་འཚེ་བྱུང་བའི་རྗེས། རེས་གཟའ་སྤེན་པའི་ཉིན་རྒྱལ་སྤྱིའི་མི་འཚོལ་ཞིབ་དང་ཉེན་སྐྱོབ་རུ་ཁག་རོགས་སྐྱོར་དུ་ཐོན་བསྐྱོད་བྱས་ཡོད་པ་དང༌། ཁག་ཅིག་ནི་ཉེ་ཆར་ནིའུ་ཛི་ལེནདྲ་དུ་ས་ཡོམ་གྱི་གནོད་འཚེར་རོགས་སྐྱོར་དུ་ཆེད་གཏོང་བྱས་པ་བཞིན་ནིའུ་ཛི་ལེནདྲ་ནས་ཐད་ཀར་ཉི་ཧོང་དུ་རོགས་སྐྱོར་དུ་ཐོན་བསྐྱོད་བྱས་ཡོད་པ་རེད།

ཨ་མི་རི་ཀས་གསུངས་པར། ཨ་རི་ནས་ཉེན་སྐྱོབ་བྱེད་མི་༡༥༠ལས་གྲུབ་པའི་རུ་ཁག་བྱས་ཏེ་ཉི་ཧོང་དུ་ཆེད་གཏོང་བྱས་ཟིན་པ་དང༌། དེའི་ནང་ནས་ཨ་རིའི་གྲོང་ཁྱེར་ལོ་སེ་ཨེན་ཇེ་ལེསི་ནས་ཡིན་པའི་ཉེན་སྐྱོབ་རུ་ཁག་གཅིག་ཡོད་པ་དེ་ནི། ཉེ་ཆར་ནིའུ་ཛི་ལེནདྲ་དུ་ས་ཡོམ་འགུལ་ཚད་༦དང་གྲངས་ཆུང་༣རྒྱབ་སྟེ་གནོད་འཚེ་ཕོག་པར་རོགས་སྐྱོར་དུ་ཆེད་གཏོང་བྱས་ཏེ། ཨ་རིར་ཕྱིར་ལོག་བྱས་ནས་ཉིན་གཉིས་ལས་འགྲོ་མེད་པ་གསུངས་ཡོད་པ་དང༌། དེ་བཞིན་ཉི་ཧོང་གི་མི་༦༦ལས་གྲུབ་པའི་ཉེན་སྐྱོབ་རུ་ཁག་ཞིག་ཀྱང་ནིའུ་ཛི་ལེནདྲ་ནང་ས་ཡོམ་གྱི་གནོད་འཚེར་རོགས་སྐྱོར་དུ་བཏང་སྟེ། གཟའ་འཁོར་གཉིས་རིང་ནིའུ་ཛི་ལེནདྲ་དུ་ཉེན་སྐྱོབ་ཀྱི་ལས་ཀ་བྱས་ཏེ་ད་རེས་ཉི་ཧོང་དུ་ཕྱིན་ལོག་བྱས་ཡོད་པ་རེད། ནིའུ་ཛི་ལེནདྲ་ནང་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་ས་ཁུལ་དེའི་འབྲེལ་ཡོད་དཔོན་རིགས་ནས། ད་ལྟའི་དུས་ཚོད་དེར་ཉི་ཧོང་མི་དམངས་ཚོར་གདུང་སེམས་མཉམ་སྐྱེད་ཡོད་ཅེས་གསུངས་ཡོད་པ་མ་ཟད། དབྱིན་ཇིའི་རྒྱལ་མོ་ཨེ་ལི་ཛི་སྦེཐ་ནས་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། དེ་བཞིན་ཨ་རིའི་གཞས་མ་གྲགས་ཅན་ལེ་ཌི་ག་ག་སོགས་འཛམ་གླིང་སྤྱི་ཡོངས་ཀྱིས་ཉི་ཧོང་གི་ཚབས་ཆེའི་གོད་ཆགས་དེར་གདུང་སེམས་ཉམས་སྐྱེད་དུ་སེམས་འཁུར་གནང་ཡོད་པ་རེད། དབྱིན་ཇིའི་རྒྱལ་བརྒྱུད་ནས་ཉི་ཧོང་གི་རྒྱལ་པོར་འཚམས་འཕྲིན་ཞིག་བཏང་གནང་བའི་ནང། གནོད་འཚེ་ཕོག་པའི་མི་རེ་ངོ་རེར་ང་ཚོའི་སྨོན་ལམ་དང་གདུང་སེམས་མཉམ་སྐྱེད་ཡོད་ཅེས་གསུངས་ཡོད་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་ནས་གཞུང་སོ་སོའི་ཐོག་ནས་རོགས་སྐྱོར་གནང་རྒྱུའི་གྲ་སྒྲིག་ཨང་སར་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎